第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་གསོ་རིག་བཟོ་ལས་འཕེལ་རྒྱས་འཆར་འགོད(2017ལོ་ནས་2025ལོ་བར)》བཏོན་པ།
ལོ་48རིང་གི་སྐད་གྲགས་མེད་པའི་ཁ་ཆད།
སྣོད་བཅུད་ཀྱི་ཕན་པ་ཐོབ། ཕྱུག་འགྱུར་གྱི་ལམ་བུར་བསྐྱོད།
ལྕི་བའི་རིན་ཐང་ཆེ་རུ་གཏོང་བ།
མཁོ་སྤྲོད་ཕྱོགས་སྒྱུར་བཅོས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྦྱིན་པ།
མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་འདིང་མཁན།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2017年12月21日 星期
3 上一篇  下一篇 4  
མཁོ་སྤྲོད་ཕྱོགས་སྒྱུར་བཅོས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྦྱིན་པ།
—— རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅང་ཐའེ་ཆང་ལ་བཅར་འདྲི་བྱས་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཞེས་བཏོན་ཡོད། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་པའི་ཁྲོད་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་པ་དང་མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་ལེགས་ཆ་མངོན་གསལ་དོད་པོས་མཐོ་རུ་བཏང་ཡོད། དེར་བརྟེན་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་འཕེལ་སྒྱུར་ལས་ཀར་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད། ཉེ་ཆར་གསར་འགོད་པས་འབྲེལ་ཡོད་གནད་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅང་ཐའེ་ཆང་ལ་ཆེད་མངགས་བཅར་འདྲི་བྱས་པ་ཡིན།

ཅང་ཐའེ་ཆང་གིས་ངོ་སྤྲོད་བྱས་དོན། ཐོག་མཐའ་བར་གསུམ་དུ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཐོན་ཁུངས་ལེགས་ཆ་དང་ལེགས་ཆ་ཕྲན་བུར་གཞི་ཚུགས་ནས་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་སྟོན་ཕྱོགས་སུ་བྱེད་པ་དང་ཁྲོམ་རའི་དགོས་མཁོ་སྐོང་རྒྱུ་དམིགས་ཡུལ་དུ་བྱས་ནས་ཁྲོམ་རས་གཙོ་ཁྲིད་དང་། སྲིད་གཞུང་གིས་ཁྲིད་སྟོན། གཙོ་གནད་མངོན་གསལ་དོད་པ། མང་ཚོགས་ལ་ཞབས་ཞུ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ་དང་ཁྱད་ཆོས་དང་གཙོ་གནད་དམ་འཛིན་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བ་དང་། ཡུལ་སྐོར་རིག་གནས་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་ནས“ཟ་སྡོད་སྐྱོད་གསུམ་དང་། ཡུལ་སྐོར། ཟོག་ཉོ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རོལ་རྩེད”བཅས་ལ་དམིགས་ནས་ས་ཁོངས་ཡོངས་སུ་ཡུལ་སྐོར་བཏོད་པ། ཆུ་གློག་གཙོ་བོར་བྱེད་པ་དང་འོད་ཤུགས་དང་། རླུང་གློག ས་འོག་ཚ་ནུས་བཅས་ཁ་གསབ་ཏུ་བྱེད་པའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྗོངས་ནང་ཁུལ་གྱི་གློག་སྤྱོད་པའི་དགོས་མཁོ་བསྐངས་པ་དང་བོད་གློག་གཞི་ཁྱོན་ངང་ཕྱི་ཕྱོགས་སུ་སྐྱེལ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང“ནུབ་གློག་ཤར་སྐྱེལ”གྱི་རྒྱུན་མཐུད་རྟེན་གཞི་ཧུར་ཐག་བཏོད་པ། “བོད་ཀྱི་ཆུ་བཟང”གཉེར་ཚོང་འོས་སྦྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རང་བྱུང་འཐུང་ཆུའི་ཐོན་ལས་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུ་དང་མཚོ་བོད་རིམ་མཐོའི་གཞུམ་ལམ་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ་བོད་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ལངས་གཟུགས་ཅན་གྱི་མ་ལག་བསྐྲུན་པ། ལྗང་མདོག་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་ཟོག་མཁོ་སྤྲོད་མང་དུ་བཏང་ནས་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་གི་རྟེན་གཞི་མགྱོགས་མྱུར་བསྐྲུན་པ། མི་རིགས་ལག་ཤེས་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བོད་རུམ་དང་། ཐང་ག སྤོས། རྒྱན་ཆ་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་གཙོ་གནད་དུ་བཏོད་པ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བོད་སྨན་ཚད་ལྡན་མ་ལག་དང་ཞིབ་དཔྱད་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་བ། དངུལ་རྩའི་ཞབས་ཞུའི་ལས་རིགས་དང་། ཚོང་དོན་ཟོག་འགྲེམས་ལས་རིགས། དྲ་ཐོག་ཚོང་དོན། རྒན་གསོ་བདེ་ཐང་། རིག་གནས་བསམ་བཀོད་སོགས་དེང་རབས་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་བཅས་རེད།

ཅང་ཐའེ་ཆང་གིས་གསར་འགོད་པར་བཤད་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་སྤོ་ཡུལ་གྱི་མི་འབོར་ཤོང་ཚད་དང་ཐོན་ལས་ཐེག་ནུས་ལ་བསམ་གཞིག་གང་ལེགས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་དངོས་སུ་ཡོང་བར་བྱེད་པ་དང་། ནས་ཀྱི་ཐོན་འབབ་མཐོ་རུ་གཏོང་རྒྱུ་དེ་འདེབས་འཛུགས་ལས་རིགས་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་ནས་ཐོན་ལས་རྐྱང་མའི་བྱ་སྤྱོད་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་བ། འབྲོག་ལས་དང་ལྷག་པར་དུ་འབྲི་གཡག་གསོ་ཚགས་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་ཁྱོན་ཆེ་རུ་གཏོང་བ་དང་ཕྱུགས་ཀྱི་རྒྱུད་པ་ལེགས་བཅོས་ལ་སྐུལ་འདེད་བཏང་སྟེ་གཞི་ཁྱོན་ལྡན་པའི་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ཐོག་ཚགས་ཤའི་ཐོན་འབབ་འབོར་ཚད་ཆེན་པོས་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་ཐག་ཉེ་ས་དང་སྟབས་བདེ་ས་དང་། ཕ་ཡུལ་ལས་ཁ་བྲལ་མི་དགོས། འཇོན་པ་དང་ཤེས་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཞིང་འབྲོག་པར་ས་ཆ་དེ་རང་འཕེལ་རྒྱས་གཏོང་བའི་ཁྲོད་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པ། གྲོང་གསེབ་ཡུལ་སྐོར་དང་། གྲོང་གསེབ་དྲ་ཐོག་ཚོང་དོན། སོས་དལ་ཞིང་འབྲོག་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཕན་འབྲས་ཆེ་རུ་གཏོང་བ་དང་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་བྱེད་པ། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་དར་ཞིང་ཕན་དང་ཞིང་པ་ཕྱུག་པོ་ཆགས་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་དབང་ཆ་དུད་ཚང་དུ་གཏན་འཁེལ་བྱེད་པ་དང་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་ལ་རིགས་དབྱེའི་སྐུལ་འདེད་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་ནུས་ལྡན་ངང་འཕར་བར་བྱེད་པ། “ཡུན་རིང་མི་འགྱུར་བ་གསུམ”གྱི་སྲིད་ཇུས་བརྟན་དུ་བཏང་ནས་ས་ཆའི་ཐོན་སྐྱེད་རྒྱུ་རྐྱེན་གསོན་ཤུགས་ལྡན་པ་བྱས་ཏེ་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་སྐྲུན་པ་བཅས་བྱ་རྒྱུ་རེད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་བསྟན་གཡུས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་གསོ་རིག་བཟོ་ལས་འཕེལ་རྒྱས་འཆར་འགོད(2017ལོ་ནས་2025ལོ་བར)》བཏོན་པ།
ལོ་48རིང་གི་སྐད་གྲགས་མེད་པའི་ཁ་ཆད།
སྣོད་བཅུད་ཀྱི་ཕན་པ་ཐོབ། ཕྱུག་འགྱུར་གྱི་ལམ་བུར་བསྐྱོད།
ལྕི་བའི་རིན་ཐང་ཆེ་རུ་གཏོང་བ།
མཁོ་སྤྲོད་ཕྱོགས་སྒྱུར་བཅོས་བྱས་ནས་རང་ལྗོངས་ཀྱི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྦྱིན་པ།
མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་འདིང་མཁན།