第03版:གལ་ཆེའི་གསར་འགྱུ41/2017-12/20/03/2017122003_brief.jpg 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
པར་རིས་གཅེས་བསྡུས།
བློ་བཟང་རྒྱལ་མཚན་གྱིས་ཏང་ཡོན་དཀྱུས་མའི་ངོས་ནས་ཏང་ཀྲི་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུར་ཞུགས་པ།
ཏང་དང་མང་ཚོགས་དབར་གྱི་ལས་གཏོད་རོགས་སྐྱོར་གྱིས་མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་པ།
ཚོང་འདུས་སུ་སྐྱོད་པ།
སྒོག་སེར་ཐོན་འབབ་ལྗིད་ཏིག་ཏིག ཞིང་པའི་འཛུམ་མདངས་དགའ་ལྷང་ལྷང་།
གླང་ཆེན་ཁ་འབབ་འགྲམ་དུ་ལས་འཕྲོའི་མདུད་པ་ཐེབས། བདེ་སྐྱིད་འཚོ་བའི་ལོངས་སྤྱོད་ལྷ་ཡི་དཔལ་ལ་འགྲན།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2017年12月20日 星期
3 上一篇  下一篇 4  
བློ་བཟང་རྒྱལ་མཚན་གྱིས་ཏང་ཡོན་དཀྱུས་མའི་ངོས་ནས་ཏང་ཀྲི་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཏང་ཡོན་དཀྱུས་མའི་ངོས་ནས་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་དྲུང་ཆེ་ཁྲུའི་ཆ་འཕྲིན་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུར་ཞུགས་ནས་ཀྲི་པུའི་བློ་མཐུན་ཚོ་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང《ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་མགྱོགས་མྱུར་བསྐྲུན་རྒྱུ་བཅས་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་བསམ་འཆར》བཅས་ཀྱི་དགོངས་དོན་སློབ་སྦྱོང་གནང་བ་རེད།

སློབ་སྦྱོང་ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་ཚང་མའི་སློབ་སྦྱོང་དང་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ལས་དོན་ལེགས་བཅོས་སྐོར་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་བ་མ་ཟད། ཚང་མ་དང་མཉམ་དུ་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་ཀྱང་གནང་བ་རེད། ཀྲི་པུའི་བློ་མཐུན་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་བྱས་པ་དང་། བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་བ་རེད།

གཏམ་བཤད་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་འགག་རྩ་ནི་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱ་རྒྱུ་དེ་རེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་འོད་སྟོང་འཕྲོ་བའི་དགོངས་པ་གསར་པ་དང་། འདུ་ཤེས་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བར་བརྟེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་པ་གྲུབ་ཡོད། མཁྱེན་རྒྱ་ཡངས་པ་དང་། ནང་དོན་ཕུན་སུམ་ཚོགས་པ། གཏན་ཚིགས་ཚགས་དམ་པ། ཕན་ཚུན་འབྲེལ་ཆགས་པ། གཅིག་གྱུར་ནུས་ལྡན་བཅས་ཀྱི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གཅིག་སྡུད་ཐོག་མངོན་ཡོད། མར་ཁེ་སི་རིང་ལུགས་ཀྱི་བརྟག་ཐབས་སྤྱད་ནས་གཏན་ཚིགས་སྤྱི་ཡོངས་ཁོང་དུ་གཏིང་ཟབ་ཆུད་ཐུབ་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐད་སློབ་སྦྱོང་གཏིང་ཟབ་དང་གོ་བ་དཔྱིས་ཕྱིན་པ་ལེན་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པའི་ཐད་གོ་དོན་མཐིལ་རྟོགས་ཐུབ་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་དང་། ཆ་ལག་ཚང་བ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་ཐུབ་པ་བྱེད་པ་དང་འབྲེལ་བདེན་པའི་སྟོབས་ཤུགས་བསྡུ་ལེན་དང་། ཉིང་བཅུད་ལ་གོ་བ་ལེན་ཐུབ་པ། བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ། བྱ་སྤྱོད་དངོས་སུ་འགྱུར་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

བློ་བཟང་རྒྱལ་མཚན་གྱིས་རྩ་བ་ཡིན་པའི་ཕུགས་བསམ་དང་དད་སེམས་ལ་དམ་འཛིན་ཡག་པོ་བྱས་ནས་ཆབ་སྲིད་ཀྱི་ངེས་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྟན་སྲུང་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་དགོས་པ་དང་། རྨང་གཞི་ཡིན་པའི་ལས་སྒོ་སློབ་སྦྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ལས་ཀའི་འཇོན་ཐང་ཆེ་རུ་བཏང་སྟེ་མཐུན་སྒྲིལ་ཡར་བརྩོན་དང་དྲང་ནུས་ཀྱིས་ཁྱབ་པའི་ལས་ཀའི་རྣམ་པ་བཏོད་དགོས་པ། འགག་རྩ་ཡིན་པའི་རང་འགན་གཙང་སྒྲུབ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་འགན་ཁུར་ཕོད་པའི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་ནན་ཏན་ཐད་གཞོལ་ཏེ་འགན་འཁྲིའི་འདུ་ཤེས་དང་རྩེར་སོན་གྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས་པ། འགན་ལེན་ཡིན་པའི་མཐུན་སྒྲིལ་མཉམ་ལས་ལ་དམ་འཛིན་ཡག་པོ་བྱས་ནས་ལས་ཁུངས་ཀྱི་འཐབ་ནུས་ཆེ་རུ་བཏང་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ལས་དོན་སྒྲུབ་པ་དང་ཕྱར་བ་གྲུ་འདེགས་ཀྱིས་བྱ་གཞག་གཏོད་པའི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

(པ་ཕན་གྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
   第05版:གསར་འགྱུར་ད་ལྟ་བ།
   第06版:ཞི་མཐུན་ས་མཐོ།
   第07版:ཕྱོགས་བསྡུས།
   第08版:ས་གནས་གསར་འགྱུར།
པར་རིས་གཅེས་བསྡུས།
བློ་བཟང་རྒྱལ་མཚན་གྱིས་ཏང་ཡོན་དཀྱུས་མའི་ངོས་ནས་ཏང་ཀྲི་པུའི་ཆེད་དོན་སློབ་སྦྱོང་ཚོགས་འདུར་ཞུགས་པ།
ཏང་དང་མང་ཚོགས་དབར་གྱི་ལས་གཏོད་རོགས་སྐྱོར་གྱིས་མང་ཚོགས་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་པ།
ཚོང་འདུས་སུ་སྐྱོད་པ།
སྒོག་སེར་ཐོན་འབབ་ལྗིད་ཏིག་ཏིག ཞིང་པའི་འཛུམ་མདངས་དགའ་ལྷང་ལྷང་།
གླང་ཆེན་ཁ་འབབ་འགྲམ་དུ་ལས་འཕྲོའི་མདུད་པ་ཐེབས། བདེ་སྐྱིད་འཚོ་བའི་ལོངས་སྤྱོད་ལྷ་ཡི་དཔལ་ལ་འགྲན།