第02版:གལ་ཆེའི་གསར་འགྱུ41/2014-04/10/02/2014041002_brief.jpg 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཏིང་ཡེ་ཤན་གྱིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།
འགོ་བརྗོད་གསར་འགྱུར།
དཔྱིད་ཀྱི་ས་མཐོས་ཀུན་གྱི་ཡིད་དབང་འཕྲོག
རང་ལྗོངས་ཀྱི་གཞུང་ལམ་བདག་སྐྱོང་སྤུས་ ཚད་སྔར་བས་མཐོ་རུ་ཕྱིན་པ།
རང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཁེ་ལས་ལ་གློག་རྡུལ་ཐོག་ནས་དོ་དམ་བྱེད་པ།
མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2014年4月10日 星期
3 上一篇  下一篇 4  
མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བ།

—— ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གིས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་སྒྲིལ་གླེང་།

ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གིས་དམངས་ཆེད་དང་། དོངས་སྒྲུབ། སྤྱོད་གཙང་བཅས་བརྗོད་བྱ་གཙོ་བོར་བྱེད་པའི་སློབ་གསོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཐད་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་སྟེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཐད་ཕན་ནུས་ཐོན་པ་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་བ་རེད།

ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ཐིང་ཀྲང་གཞོན་པ་འཕྲིན་ལས་དབང་རྒྱལ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། བྱེད་སྒོ་སྤེལ་བ་ནས་བཟུང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གིས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་14379ལས་ཞུགས་ཡོང་རྒྱུར་སྐུལ་མ་བཏང་བས་ལས་ཞུགས་བྱེད་ཚད་95%ཡན་ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་13.9བཏང་སྟེ་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་577ལག་ལེན་བསྟར་བ། མ་དངུལ་སྒོར་དུང་ཕྱུར་1.9བཏང་སྟེ་མཐའ་མཚམས་དང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་སློབ་གྲྭ་115ཡི་དགེ་རྒན་གྱི་ལས་ཤག་ཆ་ཚང་1465འཛུགས་སྐྲུན་བྱས་པ། མ་དངུལ་སྒོར་དུང་ཕྱུར་0.5བཏང་སྟེ་སློབ་གྲྭ་འབྲིང་ཆུང་64ཡི་ཉི་འོད་ནུས་པའི་འཁྲུད་ཁང་འཛུགས་སྐྲུན་བྱས་པ། རོགས་དངུལ་ཁག་སྒོར་དུང་ཕྱུར་18.91དོན་འཁྱོལ་བྱས་ནས་དགེ་རྒན་དང་སློབ་མ་མི་ཐེངས་ཁྲི་103.34ལ་རོགས་རམ་བྱས་པ་དེ་སློབ་ཞུགས་གོང་གི་སློབ་གསོ་ནས་ཞིབ་འཇུག་སློབ་མའི་དུས་རིམ་བར་གྱི་སློབ་གསོ་ཚུད་པ། མ་དངུལ་སྒོར་དུང་ཕྱུར་13.81དོན་འཁྱོལ་བྱས་ཏེ“འགན་ལེན་གསུམ”གྱི་འགྲོ་གྲོན་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་2700ཟིན་པ་དེ་སློབ་མ་ཁྲི་52ལ་ཕན་པ་ཐོབ་པ་བཅས་རེད་ཅེས་བཤད།

སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་སློབ་གྲྭ་ཁག་དབར་སྤེལ་རེས་བྱེད་པ་དང་རྣམ་པ་སྣ་ཚོགས་ཀྱི་ཐབས་ཤེས་ཐོག་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་སློབ་ཁྲིད་སྤེལ་རེས་ཀྱི་གྲོས་བསྡུར་བྱེད་སྒོ་སྤེལ་ནས། དགེ་རྒན་གྱིས་སློབ་ཚན་གསར་པར་དམིགས་ཏེ་རིག་གཞུང་གྲོས་བསྡུར་ཧུར་ཐག་བྱ་རྒྱུར་སྣེ་ཁྲིད་དེ་སློབ་གསོ་སློབ་ཁྲིད་གྲུབ་འབྲས་རིམ་བཞིན་མཐོ་རུ་འགྲོ་རྒྱུར་སྐུལ་སྤེལ་བཏང་ཡོད། 《ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཏོན་ནས། མཐོ་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་དང་། ལས་རིགས་སློབ་གསོའི་སྦྱོང་བརྡར་རྟེན་གཞི་འཛུགས་སྐྲུན། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དངོས་སྤྱོད་རྣམ་པ་དང་ལག་རྩལ་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱི་ཡོད་པ་རེད།

འཕྲིན་ལས་དབང་རྒྱལ་གྱིས། ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་གཞི་རིམ་དུ་བསྐྱོད་ནས་གཞི་རིམ་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་ཆེས་ཐད་ཀའི་ཁེ་ཕན་གྱི་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཤིང་། བྱེད་སྒོ་སྤེལ་རིང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་མི་སྒེར་གྱིས་སྒོར་ཁྲི་14ལྷག་ཙམ་བཏོན་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་ཐག་གཅོད་བྱེད་པ་དང་འབྲེལ། མ་དངུལ་སྒོར་ཁྲི་30བརྩོན་ལེན་བྱས་ནས་ཆ་སྒྲིག་དུད་ཚང་གི་མཐོ་རིམ་སློབ་འབྲིང་དང་སློབ་ཆེན་ལ་འགྲོ་མཁན་བུ་ཕྲུག་ལ་རོགས་དངུལ་སྤྲད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། (པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ཀུན་བསོད་ཀྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
ཏིང་ཡེ་ཤན་གྱིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།
འགོ་བརྗོད་གསར་འགྱུར།
དཔྱིད་ཀྱི་ས་མཐོས་ཀུན་གྱི་ཡིད་དབང་འཕྲོག
རང་ལྗོངས་ཀྱི་གཞུང་ལམ་བདག་སྐྱོང་སྤུས་ ཚད་སྔར་བས་མཐོ་རུ་ཕྱིན་པ།
རང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཁེ་ལས་ལ་གློག་རྡུལ་ཐོག་ནས་དོ་དམ་བྱེད་པ།
མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བ།