第02版:གལ་ཆེའི་གསར་འགྱུ41/2014-04/10/02/2014041002_brief.jpg 上一版3  4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
ཏིང་ཡེ་ཤན་གྱིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།
འགོ་བརྗོད་གསར་འགྱུར།
དཔྱིད་ཀྱི་ས་མཐོས་ཀུན་གྱི་ཡིད་དབང་འཕྲོག
རང་ལྗོངས་ཀྱི་གཞུང་ལམ་བདག་སྐྱོང་སྤུས་ ཚད་སྔར་བས་མཐོ་རུ་ཕྱིན་པ།
རང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཁེ་ལས་ལ་གློག་རྡུལ་ཐོག་ནས་དོ་དམ་བྱེད་པ།
མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2014年4月10日 星期
下一篇 4  
无标题

ན་ནིང་རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་ཞིང་འབྲོག་པར་

གུན་གསབ་འགན་བཅོལ་སྒོར་དུང་ཕྱུར་5.6འཇལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཐན་སྐྱོན་ཕོག་པའི་དབང་གིས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་ཁ་ཡུག་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཁྱིམ་གྱི་ས་ཞིང་མུའུ་5སྤྱིར་ན་སྐམ། མི་རིང་བའི་གོང་ཡང་ཁོང་ཁྱིམ་གྱི་བ་ཕྱུགས་2ནད་ཕོག་ནས་ཤི། བཀྲ་ཤིས་ཀྱིས་སེམས་འཚབ་ཆེན་པོས་གནས་ཚུལ་དེ་དག་ཤང་གི་འགན་བཅོལ་མཐུན་སྦྱོར་དོ་དམ་མི་སྣར་ཞུས་པ་དང་དེ་རྗེས་འགན་བཅོལ་ཀུང་སིས་བརྟག་དཔྱད་བྱས་པ་དང་སྦྲགས་གསབ་འཇལ་བྱས།

“ཞིང་ཁར་འགན་བཅོལ་དངུལ་སྒོར་600སྐྱིན་ཚབ་འཇལ་བ་དང་བ་ཕྱུགས་2ལ་སྒོར་2400སྤྲད་བྱུང་། འགན་བཅོལ་ཡོད་པའི་རྐྱེན་གྱིས་གྱོང་གུན་དེ་དག་གསབ་ཐུབ་པ་བྱུང”ཞེས་བཀྲ་ཤིས་ཀྱིས་གསར་འགོད་པར་བརྗོད།

བོད་ལྗོངས་འགན་བཅོལ་ལྟ་སྐུལ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཁང་ཞུའེ་ཡིས། 2013ལོར་རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་རིམ་རྩིས་བྱས་ན་སྤྱི་ཚོགས་ལ་ཉེན་ཁའི་འགན་སྲུང་སྒོར་དུང་ཕྱུར་8028བཏང་ནས་ལྗོངས་ཡོངས་ཀྱི་རང་བྱུང་གནོད་འཚེ་དང་བསམ་ཡུལ་ལས་འདས་པའི་ལས་འཛོལ་སྣ་ཚོགས་ལ་གུན་གསབ་དངུལ་སྒོར་དུང་ཕྱུར་5.6སྤྲད་པས་ཁེ་ལས་དང་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་གསབ་ཐུབ་པ་བྱུང་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐུབ་པ་བྱུང་ཡོད་ཅེས་བརྗོད།

བཀྲ་ཤིས་ནི་རང་ལྗོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱི་ཕན་པ་ཐོབ་མཁན་མང་དག་ཁྲོད་ཀྱི་གྲས་ཤིག་ཡིན་ཞིང་། ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཚོང་ལས་འགན་བཅོལ་བྱེད་ཐབས་གང་ལེགས་སྤྱད་དེ་རང་བྱུང་གནོད་འཚེ་སོགས་ཕོག་པའི་ཞིང་འབྲོག་མང་ཚོགས་ཀྱི་གྱོང་གུན་ཆུང་དུ་བཏང་ཡོད། མིག་སྔར་རང་ལྗོངས་སུ་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་ཤང་གྲོང་683དང་ཞིང་འབྲོག་པ་མང་ཚོགས་ཁྲི་245ལ་ཕན་པ་ཐོབ་པའི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་མ་ལག་དཔེར་ན་འདེབས་འཛུགས་དང་། གསོ་སྤེལ། སྡོད་ཁང་། ཞིང་འཕྲུལ་ཡོ་ཆས་སོགས་ཀྱི་འགན་བཅོལ་བཙུགས་ཡོད།

རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་འགན་ལེན་བྱེད་པ་ཕུད་རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་ད་དུང་ལྗོངས་ཡོངས་ཀྱི་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་དང་། རང་བྱུང་གནོད་འཚེ་ཚབས་ཆེན་གྱི་རོགས་སྐྱོབ་ནང་ཞུགས་པ། སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཐད་དེ་བས་མངོན་གསལ་དོད་པའི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད།

གཞིས་རྩེ་ས་ཁུལ་རིན་སྤུངས་རྫོང་གི་ཞིང་པ་ཡར་འཕེལ་གྱི་ཁྱིམ་དུ་ནང་མི་9ཡོད་པ་དང་ལོར་དངུལ་སྨར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ལས་མེད་ཁར་སློབ་ཆེན་སློབ་མ་2ཀྱི་སློབ་ཡོན་གཏོང་དགོས་ཀྱི་ཡོད། 2013ལོར་ཁོང་ཞིང་ལས་བྱེད་སྐབས་གློ་བུར་དུ་མཚེར་པའི་ནད་ལངས་ཏེ་གཤག་བཅོས་བྱེད་དགོས་བྱུང་། ཁོང་གི་གྲོང་གསེབ་ཀྱི་སྨན་བཅོས་བྱེད་ལམ་གསར་པ་དང་ཚོང་ལས་སྨན་བཅོས་འགན་བཅོལ་གྱིས་སྨན་རིན་ཁ་གསབ་བྱས་ཡོད། “སྒོར་ཁྲི་10ལྷག་ཙམ་གྱི་སྨན་བཅོས་འགྲོ་གྲོན་ཁྲོད་ནས་རྫོང་འཕྲོད་བསྟེན་ཅུས་ཀྱིས་སྒོར་ཁྲི་6རྩིས་ཞུ་བྱས་པ་དང་། འགན་བཅོལ་ཀུང་སིས་སྒོར་ཁྲི་4ལྷག་ཙམ་རྩིས་ཞུ་བྱས་པ། ངས་སྒོར་400ལྷག་ཙམ་ལས་བཏང་དགོས་མ་བྱུང་། གལ་སྲིད་ནད་ཚབས་ཆེན་གྱི་ཁ་གསབ་སྨན་བཅོས་ཀྱི་འགན་བཅོལ་མེད་ཚེ་སྒོར་ཁྲི་4ལྷག་ཙམ་ཚང་མ་ངས་བཏོན་དགོས། ང་ཚོ་ལྟ་བུའི་དེ་ཙམ་འབྱོར་ཕྱུག་མེད་པའི་ཁྱིམ་ཚང་ཞིག་གི་ངོས་ནས་བརྗོད་ན། འགན་བཅོལ་ནང་ནས་སྨན་རིན་སྤྲོད་པ་དེ་བསྔགས་བརྗོད་བྱེད་འོས་པའི་བྱ་བ་ཞིག་ཡིན”ཞེས་ཡར་འཕེལ་གྱིས་བརྗོད།

“མིག་སྔར་ལྗོངས་ཡོངས་སུ་རྒྱུ་ནོར་འགན་བཅོལ་ཀུང་སི་5དང་། སྲོག་རྟེན་འགན་བཅོལ་ཀུང་སི་2འགན་བཅོལ་ཆེད་ལས་མཚམས་སྦྱོར་སྒྲིག་གཞི་5འགན་བཅོལ་དང་འཐུས་ཚབ་གཅིག་ལྕོགས་སྒྲིག་གཞི་100ལྷག་ཙམ། འགན་བཅོལ་ཡན་ལག་སྒྲིག་གཞི་38བཅས་ཡོད”ཅེས་ཁང་ཞུའེ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། འགན་བཅོལ་རིགས་ཕུན་སུམ་ཚོགས་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ས་ཁོངས་འགན་བཅོལ་ཁྲོམ་རའི་མ་ལག་རགས་ཙམ་ཆགས་ནས་འགན་བཅོལ་ལས་རིགས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། 2013ལོར་ལྗོངས་ཡོངས་ཀྱི་འགན་བཅོལ་ཡོང་འབབ་སྒོར་དུང་ཕྱུར་10ཡི་འགག་སྒོ་ཆེ་མོ་ལས་བརྒལ་ནས་སྒོར་དུང་ཕྱུར་11.43ཟིན་པ་དང་འགན་བཅོལ་ལས་རིགས་ཀྱི་མ་དངུལ་བསྡོམས་སྒོར་དུང་ཕྱུར་5.43ཟིན་ཡོད་ཅེས་བརྗོད། (མཚམས་གཅོད་ཀྱིས་བསྒྱུར། པ་སངས་དང་མཚམས་གཅོད་ཀྱིས་ཞུས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
ཏིང་ཡེ་ཤན་གྱིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།
འགོ་བརྗོད་གསར་འགྱུར།
དཔྱིད་ཀྱི་ས་མཐོས་ཀུན་གྱི་ཡིད་དབང་འཕྲོག
རང་ལྗོངས་ཀྱི་གཞུང་ལམ་བདག་སྐྱོང་སྤུས་ ཚད་སྔར་བས་མཐོ་རུ་ཕྱིན་པ།
རང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཁེ་ལས་ལ་གློག་རྡུལ་ཐོག་ནས་དོ་དམ་བྱེད་པ།
མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བ།