第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦמ@
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
གྲོང་ཚོ་གསར་པ་དང་སྡོད་ཁང་གསར་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2014年4月10日 星期
3 上一篇  下一篇 4  
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

རང་ལྗོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པའི་ནང་ཞུགས་མཁན་དེ་བས་མང་བ་དང་། ཁྱབ་རྒྱ་དེ་བས་ཆེ་བ། ལས་འགན་དེ་བས་ལྕི་བ་བཅས་ཡོད་པ་མ་ཟད་མང་ཚོགས་དང་དེ་བས་ཉེ་བཅར་ཐུབ་པས་མི་དམངས་རྣམས་བློ་ཡིད་ཚིམས་པའི་དངོས་ཕན་ཐོབ་མིན་གྱི་འགག་རྩ་ནི་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱེད་པའི“མཐའ་མའི་འགག་རྩའི”གནད་དོན་དེ་ཐག་གཅོད་ཡག་པོ་བྱེད་མིན་ལ་རགས་ལུས་ཡོད།

མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པར་འགོ་ཁྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་ཚེ་ལས་དོན་ཐམས་ཅད་ལེགས་པར་སྒྲུབ་ཐུབ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ང་ཚོའི“འགོ་ཁྲིད་གཙོ་བོས”བྱེད་སྒོར་དམ་འཛིན་ལྷོད་མེད་བྱས་ཏེ་བྱེད་སྒོ་ཁག་དང་པོ་དང་འདྲ་བར་དུས་ཚོད་དང་ནུས་ཤུགས་གང་ཡོད་འདོན་དགོས་པ་མ་ཟད་འགན་འཁྲི་ཏན་ཏིག་ཁུར་ཏེ་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འགན་འཁྲི་རང་ཐོག་ཏུ་ཁུར་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི”གནད་དོན་ཐག་གཅོད་ཡག་པོ་བྱ་ཆེད“སྲ་ཞིང་བརྟན་པའི་བསམ་བློའི་རྨང་གཞི་དང་རྩ་འཛུགས་ཀྱི་འགན་ལེན”མཁོ་འདོན་བྱེད་དགོས།

མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པར་གཞི་རིམ་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་བརྟག་ཞིབ་བྱེད་དགོས། དེས་ང་ཚོའི་འགོ་ཁྲིད་ལས་བྱེད་པར་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་མ་ཟད། གཞི་རིམ་དུ་སྐྱོད་དུས་མང་ཚོགས་ལ་བརྩེ་བ་འཆང་བ་དང་། མང་ཚོགས་ཀྱི་བདེ་སྡུག་སྐད་ཆ་འདྲི་བ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཏེ་གཞི་རིམ་ལས་བྱེད་མང་ཚོགས་དང་འབྲེལ་འདྲིས་ཟབ་པོ་ཐུབ་པ་བྱས་ནས་གཞི་རིམ་དེ་སྤྱོད་ཚུལ་འགྱུར་ལྡོག་གཏོང་བ་དང་། གནད་དོན་ཐག་གཅོད་བྱེད་པ། མང་ཚོགས་ལ་འབྲེལ་བ་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འཐབ་ས་གཙོ་བོར་འགྱུར་བ་བྱས་ཐོག་བྱ་སྤྱོད་ངོ་མའི་ཐོག་ནས་མང་ཚོགས་ལ་འཕེལ་རྒྱས་ཐད་འཕྲད་པའི“མཐའ་མའི་འགག་རྩའི”གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཁ་བཤད་ལག་བསྟར་ཐུབ་པ་བྱེད་དགོས། སློབ་གསོ་ལག་ལེན་བྱེད་སྒོ་ཁག་གཉིས་པ་སྤེལ་རིང་རང་ལྗོངས་ཀྱི་ས་ཁུལ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་རང་ལྗོངས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཁག་དང་པོའི་བྱ་ཐབས་བཟང་པོ་དང་ཉམས་མྱོང་ཡག་པོ་སློབ་སྦྱོང་ནན་ཏན་བྱས་ཏེ་གཞི་རིམ་མང་ཚོགས་ཀྱིས་གོང་ཞུ་བྱས་པའི་མངོན་གསལ་དོད་པའི་གནད་དོན་དང་ཞིབ་ཕྲའི་གནད་དོན་ཐད་སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་། འགན་འཁྲི་ཁ་གསལ་བཟོ་བ། ལྟ་ཞིབ་ལ་ཤུགས་སྣོན་རྒྱག་པ། ཁ་བཤད་ལག་བསྟར་བྱེད་པ། གནད་དོན་གཅིག་བཤད་པ་དེ་སྒྲུབ་པ་དང་དེ་སྒྲུབ་ཐུབ་པ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བར་ཚོད་འཛིན་བཟོ་བའི་འཇུར་མིག་ག་ལེར་མེད་པ་བཟོས་ཏེ“མཐའ་མའི་འགག་རྩའི”གནད་དོན་ཐག་གཅོད་ལེགས་པར་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོའི་ཞིབ་ཕྲའི་དངོས་ཕན་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱས་ཐོག་མང་ཚོགས་རྣམས་ལ་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་སོ།

(བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། ཟླ་བ་དང་བསྟན་བློས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦמ@
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
གྲོང་ཚོ་གསར་པ་དང་སྡོད་ཁང་གསར་པ།