第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦמ@
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
གྲོང་ཚོ་གསར་པ་དང་སྡོད་ཁང་གསར་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2014年4月10日 星期
3 上一篇  下一篇 4  
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ཚང་མས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་བྱེད་པ་དང་དར་སྤེལ་གཏོང་བར་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས་མིག་མདུན་ནས་འགོ་འཛུགས་པ་དང་དོན་ཆུང་ནས་འགོ་བརྩམས་ཏེ་མིག་དཔེའི་སྟོབས་ཤུགས་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་དུ་གཏོང་རྒྱུ་དང“དྲུག་ལྡན་བོད་ལྗོངས”འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་དུ་འཁྱོལ་བ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

“ཅའོ་ཡུས་ལུའུ་ནི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱེད་མཁན་མིག་དཔེ་ཞིག་དང་། ཏང་གི་དམིགས་ཡུལ་ལྷག་བསམ་རྣམ་དག་ངང་སྒྲུབ་མཁན་ཞིག ང་ཚོས་ནམ་ཡང་སློབ་སྦྱོང་བྱེད་འོས་པའི་མིག་དཔེ་ཞིག་རེད། དེ་རིང་ང་ཚོས་ཅའོ་ཡུས་ལུའུ་ལ་སློབ་སྦྱོང་བྱེད་དགོས་ཞེས་པ་ནི་ཅའོ་ཡུས་ལུའུ་མིག་དཔེར་འཛིན་ནས་ཁོང་དང་འདྲ་བར་སེམས་ནང་མི་སེར་དང་ལས་དོན་བཞག་སྟེ་འགན་འཁྲི་ཏན་ཏིག་ངང་སྒྲུབ་དགོས་པ་དང་ཏང་ནང་ཞུགས་སྐབས་བཞག་པའི་དམ་བཅའ་ལག་བསྟར་བྱེད་དགོས་པ་དེ་ཡིན”ཞེས་རྣམ་གླིང་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་སྐབས་བྱེད་སྒོ་གཞུང་ལས་ཁང་དུ་ལས་ཀ་བྱེད་བཞིན་ཡོད་པའི་ལེའོ་ཞའོ་ཡིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

“ང་ཚོས་མང་ཚོགས་ཀྱི་བསམ་འཆར་དང་འབོད་སྒྲ་ནན་ཏན་ངང་ཉན་ནས་ཐག་གཅོད་དཀའ་བ་དང་གླེང་མང་བའི་མང་ཚོགས་ཀྱི་གནད་དོན་བློ་གཅིག་སེམས་གཅིག་ངང་ཐག་གཅོད་ཡག་པོ་བྱེད་དགོས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)ལས་ཀའི་འཆར་གཞི་བཟོ་སྐབས་ཕ་མས་ཕྲུ་གུ་སྐྱོང་བ་ལྟར་མ་ལུས་ཀུན་ཚང་ཞིག་བྱེད་པ་དང་། ལས་དོན་ཞིབ་ཕྲ་སྒྲུབ་སྐབས་ཕྲུ་གུས་ཕ་མར་བཀུར་བ་ལྟར་གང་ཐུབ་ཅི་ཐུབ་བྱེད་དགོས”གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཨ་སྨིན་གྱིས་གནས་ཚུལ་དངོས་ཤེས་རྟོགས་བྱེད་པའི་རྨང་གཞིའི་ཐོག་ས་གནས་དེ་གའི་དོན་དངོས་ལ་གཞིགས་ཏེ་རྒྱུན་གཏན་གྱི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་ལས་སྒྲོལ་ཕོད་པ་བྱས་ནས་འཕེལ་རྒྱས་ཀྱི་ལམ་བུ་གནད་ལ་འཁེལ་པོས་འཚོལ་ཞིབ་བྱེད་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། གསར་གཏོད་བྱེད་སྟངས་ལ་བརྟེན་ནས་རྒྱུན་ཆགས་སྐྱོན་ཆ་སེལ་བ། དོན་གཉེར་བྱ་ཐབས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཏན་ལ་འཁེལ་བའི་དོན་དག་རྣམས་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་ལག་བསྟར་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱེད་དགོས། བཀོད་སྒྲིག་བྱས་པའི་ལས་དོན་རྣམས་ལ་ལྟ་སྐུལ་ཞིབ་བཤེར་དང་དམ་འཛིན་མཐར་ཕྱིན་བྱེད་དགོས་ཞེས་བཤད།

སྡེ་ཚོགས་ལྗོངས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་སི་ཆུས་ཀྱིས་ཅའོ་ཡུས་ལུའུ་ཡི་སྙིང་སྟོབས་སློབ་སྦྱོང་བྱ་རྒྱུ་དང་དར་སྤེལ་གཏོང་རྒྱུ་དེ་བཀོད་སྒྲིག་བྱས་ནས་སྤེལ་བའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཡིན་མིན་ཆེན་པོའི་མདུན་དུ་རལ་གྲི་འདོན་ཕོད་པ་དང་། འགལ་ཟླའི་མདུན་དུ་དཀའ་བར་མི་འཛེམས་པར་མདུན་དུ་སྐྱོད་ཕོད་པ། ཚུལ་མིན་སྤྱོད་ངན་གྱི་མདུན་དུ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཕོད་པ་བཅས་བྱས་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་གདོང་ལེན་པ་ཡག་པོ་ཞིག་བྱེད་དགོས་ཞེས་བཤད།

“ཞིབ་བཤེར་ལས་དོན་དོན་ཐོག་ཏུ་འཁྱོལ་མིན་ལྟ་བའི་ཚད་གཞི་ནི་ལས་དོན་ལེགས་སྒྲུབ་བྱུང་མིན་ལ་ལྟ་རྒྱུ་དེ་རེད། ལས་དོན་སྒྲུབ་སྐབས་ང་ཚོས་བརྩོན་འགྲུས་ཆེ་ཙམ་བྱེད་པ་དང་། བསམ་གཞིག་ཞིབ་ཕྲ་བྱེད་པ། མི་གཞན་གྱིས་སྐྱོན་བརྗོད་དང་དག་བཅོས་བྱས་པར་ཁེངས་སྐྱུང་ངང་དང་ལེན་བྱེད་པ་བཅས་ཀྱི་ཐོག་ནས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ་དང་རང་ཉིད་ལས་བརྒལ་བ་བྱེད་དགོས”ཞེས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བཀྲ་ཤིས་ཀྱིས་བཤད།

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦמ@
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
གྲོང་ཚོ་གསར་པ་དང་སྡོད་ཁང་གསར་པ།