第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦמ@
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
གྲོང་ཚོ་གསར་པ་དང་སྡོད་ཁང་གསར་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2014年4月10日 星期
3 上一篇  下一篇 4  
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཀྱིས་ལྷུན་གྲུབ་རྫོང་དང་མལ་གྲོ་གུང་དཀར་རྫོང་སོ་སོར་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭའི་རྣམ་གྲངས་སྤེལ་འགོ་ཚུགས་པ་དང་འཆར་གཞི་བྱས་ན་སྒོར་ཁྲི་1300ལྷག་ཙམ་བཏང་ནས་མིས་བཟོས་འདམ་ར་བསྐྲུན་ཏེ་འཚོ་བའི་བཙོག་ཆུ་གཙང་སེལ་བྱ་རྒྱུ་ཡིན་ཞིང་། མིག་སྔར་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭའི་རྣམ་གྲངས་དེ་གཉིས་འོས་སྐུལ་འོས་དཔོད་བྱེད་བཞིན་ཡོད་པ་དང་སྔོན་རྩིས་བྱས་ན་འདི་ལོའི་ལོ་སྟོད་དུ་སྐྲུན་འགོ་འཛུགས་རྒྱུ་རེད།

མིག་སྔར་ལྷ་ས་དང་བར་ཐག་ཉེ་བའི་མལ་གྲོ་གུང་དཀར་རྫོང་དང་ལྷུན་གྲུབ་རྫོང་སོ་སོར་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱ་རྒྱུ་ཡིན་པ་དེའི་ནང་ལྷུན་གྲུབ་རྫོང་གི་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭའི་རྣམ་གྲངས་འཆར་འགོད་ལ་མ་དངུལ་སྒོར་ཁྲི་700ལྷག་ཙམ་གཏོང་རྒྱུ་དང་མལ་གྲོ་གུང་དཀར་རྫོང་གི་འཆར་འགོད་ལ་མ་དངུལ་སྒོར་ཁྲི་600ལྷག་ཙམ་གཏོང་རྒྱུ་ཡིན་པའི་ཐོག་མིས་བཟོས་འདམ་ར་གཉིས་ཀྱི་བཙོག་ཆུ་གཙང་སེལ་མ་ལག་གིས་ཉིན་རེར་བཙོག་ཆུ་གཙང་སེལ་བྱེད་ཚད་ཆ་སྙོམས་ཏུན་1000ཟིན་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷུན་གྲུབ་རྫོང་གི་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭའི་རྣམ་གྲངས་དེ་ལྷུན་གྲུབ་རྫོང་སྲིད་གཞུང་གནས་སའི་དགའ་ལྡན་ཆོས་འཁོར་གྲོང་རྡལ་དགའ་ལྡན་ཆོས་འཁོར་འདམ་རའི་ཉེ་འཁོར་གྱི་ས་སྟོང་ལ་ཡོད་པ་དེར་འཛུགས་སྐྲུན་རྒྱ་ཁྱོན་མུའུ་15ལྷག་ཙམ་ཡོད། མིག་སྔར་དགའ་ལྡན་ཆོས་འཁོར་གྲོང་རྡལ་ནས་ཐོན་པའི་བཙོག་ཆུ་མང་པོ་མེད་ཀྱང་ཚང་མ་ཐད་ཀར་འབུད་ཀྱི་ཡོད་པས་མིས་བཟོས་འདམ་ར་བསྐྲུན་ཏེ་བཙོག་ཆུ་གཙང་སེལ་གྱི་ནུས་པ་ཐོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ལྷུན་གྲུབ་རྫོང་གི་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭའི་རྣམ་གྲངས་སྐྲུན་ཟིན་ཚེ་དགའ་ལྡན་ཆོས་འཁོར་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་གྱི་དགོས་མཁོ་རྦད་དེ་སྐོང་ཐུབ་རྒྱུ་ཡིན་པ་རེད།

བོད་ཀྱི་གནམ་གཤིས་དམིགས་བསལ་དང་སྔ་དགོང་གི་དྲོད་ཚད་ཧེ་བག་ཆེ་བར་བརྟེན་ད་ཐེངས་བོད་རང་སྐྱོང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭའི་རྣམ་གྲངས་འཚོལ་ཞིབ་དང་བསྐྲུན་ནས་མིས་བཟོས་འདམ་རའི་ཐོག་དྲོད་ཁང་བརྒྱབ་སྟེ་རྩི་ཤིང་སྐྱེ་ཐུབ་པ་བྱ་རྒྱུ་དང་དུས་མཚུངས་ད་དུང་ས་མཐོའི་འཚོ་བའི་བཙོག་ཆུ་དང་མིས་བཟོས་འདམ་རའི་གཙང་སེལ་ལག་རྩལ་ཞིབ་འཇུག་གི་ཚན་ཞིབ་ལས་འགན་སྤེལ་རྒྱུ་རེད།

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།