第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦמ@
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
གྲོང་ཚོ་གསར་པ་དང་སྡོད་ཁང་གསར་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2014年4月10日 星期
3 上一篇  下一篇 4  
བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་8ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས་ཏེ་དེང་སྐབས་ཀྱི་ལས་དོན་གཙོ་གནད་ཐད་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོང་ཚོགས་བྱས་པའི་ས་གནས་སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ལས་དོན་ཚོགས་འདུའི་ཐོག་བླང་བྱ་ཁ་གསལ་བཏོན་ནས་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ཡག་པོ་བྱ་ཆེད་ང་ཚོར་ཁ་ཕྱོགས་གསལ་པོ་བསྟན་པ་རེད། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ནན་པོར་གཞིགས་ཏེ་བརྟན་ལ་ཚད་དང་ལྡན་པ་དང་གོ་རིམ་ལྡན་པའི་ངང་རང་ལྗོངས་ཀྱི་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་སྟེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)འབྱོར་ཕྱུག་དང་ཞི་མཐུན། བདེ་སྐྱིད། ཁྲིམས་ལྡན། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་བསྐྲུན་ཆེད་སྒྲིག་སྲོལ་ལམ་སྲོལ་གྱི་འགན་ལེན་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་ཞིག་ཧུར་ཐག་བསྐྲུན་དགོས་པ་དེ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ཐོག་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་གལ་ཆེན་ཐོག་གཅིག་གྱུར་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་བཀོད་སྒྲིག་ཐོག་གཅིག་གྱུར་གྱིས་འགན་འཁྲི་དོན་འཁྱོལ་ནན་ཏན་དང་ལས་ཀའི་སྒྲིག་སྲོལ་ནན་དུ་བཏང་ནས་ཕན་འབྲས་ཐོན་རྒྱུར་བརྩོན་དགོས་པ་སྟེ། གཅིག་ནི་སྒྲིག་ཁུངས་དོ་དམ་གྱི་འགག་རྩ་དེར་ཚོད་འཛིན་ནན་པོ་བྱེད་པ་དང་། གཉིས་ནི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གསུམ་ནི་འགན་ནུས་བསྒྱུར་བའི་སྲོག་ཤིང་ལ་དམིགས་པ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་ཚིགས་གཉིས་པ་ནི་རྣམ་གྲངས་སྐྲུན་པའི་རྫོགས་ལྡན་དུས་ཚིགས་ཡིན་ལ་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་མ་གཏོང་བའི་འགག་རྩའི་དུས་མཚམས་ཀྱང་ཡིན། རྒྱ་མ་སྟོང་ཕྲག་གི་ཁུར་ཆེན་འཁུར་རྒྱུ་དེ་ཀུན་ལ་འགན་འཁྲི་ཡོད། ཕྱོགས་གཅིག་ནས་འཕེལ་རྒྱས་དམ་འཛིན་དང་ཕྱོགས་གཅིག་ནས་བརྟན་ལྷིང་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་ཚོད་ཀྱིས་མི་མི་སྒུག་པ་དང་ལས་སྒྲུབ་ལས་གཏོད་ཀྱི་ལས་ཀའི་སྟོབས་ཤུགས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་དང་དངོས་ཕན་དོན་གཉེར་བྱས་ནས་དུས་ཚིགས་གཉིས་པའི་ལས་དོན་གཙོ་གནད་ཁག་ལ་སྐུལ་སྤེལ་ཏན་ཏིག་བཏང་སྟེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དམིགས་ཚད་ལ་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནི་དཔལ་འབྱོར་འཁོར་རྒྱུག་ལ་དམིགས་དགོས་ཤིང་། དཔལ་འབྱོར་འཁོར་རྒྱུག་ལ་དབྱེ་ཞིབ་དང་ལེགས་སྒྲིག་ཆེན་པོ་བྱས་ཏེ་མ་འཇོག་སྐུལ་ཁྲིད་དང་། རྣམ་གྲངས་སྣེ་ཁྲིད། ཁྲོམ་རའི་སྐུལ་སྤེལ། ནང་མཁོ་རྒྱ་བསྐྱེད། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་སོགས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་མུ་མཐུད་བཏོན་ནས་དཔལ་འབྱོར་རྒྱུན་སྲིང་དང་། སྐྱོན་བྲལ། མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས། གཉིས་ནི་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་དགོས་ཤིང་། རྣམ་གྲངས་གཙོ་གནད་ལ་དམ་པོར་དམིགས་ནས་ལས་ཡུན་ལྡོག་རྩིས་རྒྱག་པ་དང་། འགན་འཁྲི་གསལ་བཟོ། སྟོབས་ཤུགས་ཡོད་པ་བཅས་ཀྱི་སྒོ་ནས་མཐུན་རྐྱེན་འཛོམས་པའི་རྣམ་གྲངས་སྔ་ཙམ་ཨར་ལས་བྱེད་དགོས། གསུམ་ནི་འབྲུ་རིགས་ཐོན་འཕར་ལ་དམིགས་དགོས་ཤིང་། དཔྱིད་ཀའི་ཐོན་སྐྱེད་ཀྱི་གོ་སྐབས་བཟང་པོ་དམ་འཛིན་གྱིས་དེང་སྐབས་ཀྱི་ཞིང་འབྲོག་ཐོན་སྐྱེད་ཀྱི་ལས་དོན་ཁག་དམ་འཛིན་གྱིས་རང་ལྗོངས་ཀྱི་ཞིང་འབྲོག་ལས་ལ་སླར་ཡང་ལོ་ལེགས་ཡོང་བ་བྱེད་དགོས། བཞི་ནི་ལས་དོན་གཙོ་གནད་ལ་དམིགས་དགོས་ཤིང་། གཙོ་གནད་ལ་ཤུགས་རྒྱག་རྒྱུར་དམ་འཛིན་གྱིས་ལས་ཀའི་འགན་འཁྲི་དང་སྟོབས་ཤུགས་ཆེ་རུ་གཏོང་བ་དང་མྱུར་ཚད་མགྱོགས་སུ་བཏང་ཐོག་ཁུར་སེམས་ཆེན་པོ་དང་ལས་དོན་སྒྲུབ་ཤུགས་ཆེན་པོར་བརྟེན་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་བཅས་རེད།

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦמ@
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
གྲོང་ཚོ་གསར་པ་དང་སྡོད་ཁང་གསར་པ།