第01版:01 4下一版
 
版面导航

第01版
01

第02版
གལ་ཆེའི་གསར་འགྱུར།

第03版
གལ་ཆེའི་གསར་འགྱུར།
 
标题导航
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦמ@
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
གྲོང་ཚོ་གསར་པ་དང་སྡོད་ཁང་གསར་པ།
返回网站首页 | 西藏日报 | 西藏日报藏文版 | 西藏商报 | 版面导航 | 标题导航
2014年4月10日 星期
下一篇 4  
ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་གྱི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས་ནན་བཤད་གནང་དོན།
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་4ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཆོན་གོ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ་སོགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་དང་དཔུང་སྡེའི་དཔོན་དམག་དང་ལྷན་དུ་ལྷ་ས་གྲོང་ཁྱེར་གྱི་སྐྱིད་ཆུའི་ལྷོ་ངོས་སུ་ཕེབས་ནས་འོས་འགན་ཤིང་འཛུགས་བྱས་ཏེ་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་པའི་བྱེད་སྒོའི་ནང་ཞུགས་པ་རེད།

རང་སྐྱོང་ལྗོངས་དང་བོད་དམག་ཁུལ་ཁང་གི་འགོ་ཁྲིད་ཞུས་ཡུང་དང་། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཏུང་ཡུན་ཧུའུ། ལེའང་ཐེན་ཀེན། ཏིང་ཡེ་ཤན། ཝང་རུའེ་ལེན་སོགས་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོའི་ནང་ཞུགས་པ་རེད།

ཁྲེན་ཆོན་གོ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ་སོགས་རླངས་འཁོར་ནས་བབས་གནང་མ་ཐག་ཐད་ཀར་ཤིང་འཛུགས་སར་ཕེབས་ཏེ་ཤིང་འཛུགས་དཔུང་ཁག་ནང་ཞུགས་ཤིང་། ཁྲེན་ཆོན་གོས་གསོམ་ཤིང་འདེབས་སར་ཕེབས་ཏེ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་བསྟན་འཛིན་དགེ་ལྡན་དང་མཉམ་དུ་གཟབ་ནན་ངང་ས་བརྒྱབ་པ་དང་ཆུ་བཏང་གནང་བ་རེད། སྡོང་རྐང་རེ་བཙུགས་མ་ཐག་ཁྲེན་ཆོན་གོས་བསྟན་འཛིན་དགེ་ལྡན་དང་མཉམ་དུ་ཆུ་བརྒྱབ་གནང་བ་མ་ཟད། བྱམས་བརྩེའི་ངང་བསྟན་འཛིན་དགེ་ལྡན་ལ་ཁོང་དང་སློབ་གྲོགས་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁྲེན་ཆོན་གོས་སེམས་བཟང་ཚིག་ནན་ངང་ཤིང་གསོ་བར་ལོ་བཅུ་དང་མི་སྐྱོང་བར་ལོ་བརྒྱ་དགོས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཆུང་དུས་ནས་སྣོད་བཅུད་ཀྱི་འདུ་ཤེས་དང་སྔོ་འགྱུར་གྱི་འདུ་ཤེས་འཛུགས་པ་དང་བྱ་བ་ཆུང་ཙག་ནས་བྱེད་འགོ་ཚུགས་ཏེ་ཁོར་ཡུག་སྲུང་སྐྱོང་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་དགོས། རེ་བར་སློབ་མ་ཚོས་ཀུན་སྤྱོད་དང་། ཤེས་བྱ། ལུས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་སྡོང་ཕྲུག་སྐྱོན་བྲལ་འཚར་ལོངས་ཡོང་བ་ལྟར་ཁྱེད་ཚོ་ཆེན་པོ་ཆགས་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མཁན་གྱི་འཇོན་ཐང་ཆེ་བའི་ཤེས་ལྡན་པ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

ཤིང་འཛུགས་ཡུལ་དུ་བྲེལ་འཚུབ་ཀྱིས་ཁེངས། ཤིང་འཛུགས་བྱེད་སྒོའི་ནང་ཞུགས་མཁན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལས་བྱེད་པ་དང་མང་ཚོགས་དང་།

(པར་ངོས་བཞི་པར་གཟིགས)

འདི་ནི་ཁྲེན་ཆོན་གོས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་བསྟན་འཛིན་དགེ་ལྡན་དང་མཉམ་དུ་བཏབ་མ་ཐག་པའི་སྡོང་ཕྲུག་ལ་ཆུ་བརྒྱབ་གནང་བའི་གནས་ཚུལ་ཡིན་པ།

མང་ཚོགས་ལམ་ཕྱོགས་

ཚང་མས་གླེང་བ།

(པར་ངོས་དང་པོར་མཐུད)དཔུང་སྡེའི་དཔོན་དམག ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་བཅས་དང་ལྷན་དུ་གཞོགས་འདེགས་དམ་ཟབ་གནང་སྟེ་ལ་ལས་ལྕང་གསར་སྐྱོར་བ་དང་། ལ་ལས་ས་རྒྱོང་བ། ལ་ལས་ཆུ་བརྒྱབ་པ་བཅས་བྱས་ནས་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས། དཀའ་སྤྱད་ངལ་རྩོལ་བྱས་ནས་ལྕང་གསར་མང་པོ་བཏབ་པ་ལས་ལྷ་ས་སྐྱིད་ཆུའི་འགྲམ་དུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པ་ལྟ་བུར་གྱུར།

ཤིང་འཛུགས་ཀྱི་བར་གསེང་དུ་ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་འགན་འཁུར་བློ་མཐུན་གྱི་ས་ནས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་ཚུལ་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་ལོ་30ལྷག་ཙམ་སྤེལ་བར་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་ཞིང་། ཁྲེན་ཆོན་གོས་ཤིང་འཛུགས་ནགས་བཟོ་བྱས་ནས་མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་བ་བྱ་རྒྱུ་དེ་སྤྱི་དམངས་ཡོངས་ཀྱིས་སྒྲུབ་འོས་པའི་འོས་འགན་ཞིག་རེད་ལ་དེང་རབས་ལ་ཁེ་ཕན་སྐྲུན་པ་དང་ཕ་ཚ་བུ་རྒྱུད་ལ་ཕན་ཐོགས་ཡོད་པའི་སྤྱི་ཕན་རང་བཞིན་དང་སྤྱི་ཚོགས་རང་བཞིན་གྱི་བྱ་གཞག་ཅིག་ཀྱང་རེད། འཛམ་གླིང་གི་ས་ཆ་གཙང་མ་གཅིག་ཤོས་དེ་ཡིན་པའི་བོད་འདི་ཉིད་ཀྱི་སྔོ་འགྱུར་ཡག་པོ་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བས་དཀའ་ཚེགས་ཆེ་ལ་དགོས་གཏུགས་ཤིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བློ་བརྟན་འགྱུར་མེད་ངང་སྔོ་འགྱུར་ལ་དགའ་ཞེན་བྱེད་པ་དང་། ཤིང་འཛུགས་པ། སྔོ་འགྱུར་སྲུང་སྐྱོང་བཅས་བྱེད་པ་དང་ཤིང་འཛུགས་སྔོ་འགྱུར་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་མཁན་གྲས་སུ་ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོའན་ཀྲང་། ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་སྤྱི་ཁྱབ་དཔོན་བཅས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཡོད་པ་རེད།

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:གལ་ཆེའི་གསར་འགྱུར།
   第03版:གལ་ཆེའི་གསར་འགྱུར།
   第04版:གལ་ཆེའི་གསར་འགྱུར།
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་གངས་ལྗོངས་ས་མཐོ་སྔོ་འགྱུར་ཡོང་བ་བྱེད་དགོས།
སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་སྒྲིག་གཞི་སྒྱུར་བཅོས་ཀྱི་དོན་དག་ལ་ ཞིབ་འཇུག་བྱས་པ།
རང་ལྗོངས་ཀྱིས་མིས་བཟོས་འདམ་རའི་བཙོག་ཆུ་གཙང་སེལ་དཔེ་སྟོན་ལས་གྲྭ་ཐེངས་དང་པོ་སྤེལ་འགོ་བཙུགས་པ།
རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་སློབ་གསོ་ལག་ལེན་བྱེད་སྒོར་བརྟག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦמ@
མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་རྩའི” གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།
གྲོང་ཚོ་གསར་པ་དང་སྡོད་ཁང་གསར་པ།