第04版:བོད་ཁུལ་གསར་འགྱུ401/2018-11/09/04/2018110904_brief.jpg 上一版3
 
版面导航

第01版
01

第02版
རྒྱལ་ནང་གསར་འགྱུར།

第03版
རྒྱལ་སྤྱིའི་གསར་འགྱུར།
 
返回网站首页 |西藏日报藏文版 | 西藏法制报藏文 | 西藏日报 | 西藏商报 | 西藏法制报 | 版面导航 | 标题导航
2018年11月9日 星期
3 上一篇  
ནུབ་རྒྱུད་དམག་འཐབ་ཁུལ་གྱིས།
འབྲི་ཆུའི་པད་དགེ་རུ་འཁྱིལ་མཚོ་ཐེངས་གཉིས་པ་ཆཌ་པར་ཉེན་སེལ་བཀོད་འདོམས་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་3ཉིན་གྱི་ཆུ་ཚོད་17དང་སྐར་མ་40ལྷག་ཙམ་ལ་འབྲི་ཆུའི“10·11”འཁྱིལ་མཚོ་ཆགས་ཁུལ་དུ་རི་ཐེངས་གཉིས་པ་ཉིལ་ནས་སླར་ཡང་འཁྱིལ་མཚོ་གསར་པ་ཆགས་ཏེ་རི་ཉིལ་བའི་བྱེ་རྡོ་ཕུང་གསོག་ཐེབས་རྒྱ་ངོས་གྲུ་ཁྲི་200ཡན་ཟིན་ཡོད། ཟླ་11ཚེས་7ཉིན་གྱི་ཆུ་ཚོད་8པའི་བར་འཁྱིལ་མཚོའི་ཆུ་ཁ་སླར་ཡང་འགགས་ནས་སྨི་39.1བར་མཐོ་རུ་ཕྱིན་པ་དང་། འཁྱིལ་རྩེའི་གནས་དམའ་ཤོས་ནས་འཁྱིལ་མཚོའི་ཆུ་ཁ་བར་མཐོ་དམན་ཧེ་བག་སྨི་42ཙམ་ཡོད་པ། འཁྱིལ་མཚོར་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.7ཙམ་ཟིན་ཡོད།

ཉེན་ཁ་ཐོན་རྗེས་ནུབ་རྒྱུད་དམག་འཐབ་ཁུལ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱིས་འཕྲལ་མ་ཉིད་དུ་ཆེད་དོན་ཞིབ་འཇུག་དང་། གནོད་ཚེ་ཕོག་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་གསལ་འབྱེད། དམག་སྤྱོད་དགོས་མཁོ་སྟངས་འཛིན་བཅས་བྱས་པ་དང་འཐབ་ཇུས་རོགས་སྐྱོར་དཔུང་ཁག་དང་མཐུན་སྦྱོར་གྱིས་འཁྱིལ་མཚོར་སྲུང་སྐར་གྱི་མྱུལ་ཞིབ་པར་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་རྗེས་སུ་ཐད་འཕུར་གནམ་གྲུ་5མངགས་ནས་འཁྱིལ་མཚོར་མཁའ་དབྱིངས་ནས་སྐོར་ཞིབ་ཐེངས་མང་བྱས་ཡོད། དེ་དང་དུས་མཚུངས་བོད་དམག་ཁུལ་ཁང་དང་སི་ཁྲོན་ཞིང་ཆེན་དམག་ཁུལ་ཁང་ནས་ཆེད་ལས་ཉེན་སེལ་རྒུད་སྐྱོབ་མི་སྣ་སྐོང་འཐེན་གྱི་བཀའ་བཏང་སྟེ་རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའུ་ཡིས་འཁྱིལ་མཚོ་ཐེངས་གཉིས་པ་ཆགས་པའི་ཉེན་སེལ་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ་རེད།

ནུབ་རྒྱུད་དམག་འཐབ་ཁུལ་མཉམ་འབྲེལ་དམག་འཐབ་བཀོད་འདོམས་ལྟེ་གནས་ཀྱི་བཀོད་འདོམས་པས“རྒྱལ་ཁབ་ཀྱི་འབྲི་ཆུའི‘1103’འཁྱིལ་མཚོ་ཐག་གཅོད་བཀོད་འདོམས་པུའུ”ཡིས་བཏོན་པའི་དམག་མི་སྤྱོད་པའི་དགོས་མཁོར་གཞིགས་ནས་དམག་འཐབ་ཁུལ་གྱི་དཔུང་སྡེས་འབར་གཏོར་དང་། གྲུ་ཟམ། སྐམ་དམག་མཁའ་དམག་སོགས་ཆེད་ལས་ཀྱི་མི་སྣ་མངགས་ཏེ་གདོང་མཆོང་གྲུ་དང་། མེ་འདྲེན་སྦུ་གུ འབར་རྫས་སོགས་ཀྱི་དངོས་ཟོག་དང་ཡོ་བྱད་འཁྱེར་ནས་འཁྱིལ་དངོས་འབར་གཏོར་དང་། ཆུ་ཐོག་ནས་འབར་རྫས་དབོར་འདྲེན། མཁའ་དབྱིངས་ནས་སྐོར་ཞིབ་སོགས་ཀྱི་ལས་འགན་གཙོ་བོ་འཁུར་བ་མ་ཟད། ད་དུང་ཡུལ་དམག་ཁག་ཅིག་རྒུད་སྐྱོབ་དངོས་ཟོག་སྐྱེལ་འདྲེན་དང་། འགྲོ་ལམ་མྱུར་བཟོ། མང་ཚོགས་ཁ་འགྲེམས། སྐོར་གཡེང་ཉེན་ཟོན། མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་འགན་སྒྲུབ་པར་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཟླ་11ཚེས་7ཉིན་གྱི་ཆུ་ཚོད་8པའི་བར་བོད་ལྗོངས་དམག་ཁུལ་ཁང་དང་སི་ཁྲོན་ཞིང་ཆེན་དམག་ཁུལ་ཁང་གིས་ཁྱོན་དཔོན་དམག་500ལྷག་ཙམ་དང་ཡུལ་དམག་130ལྷག་ཙམ་ཉེན་སེལ་རྒུད་སྐྱོབ་ལས་འགན་སྒྲུབ་པར་བཏང་བ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)

3 上一篇  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:རྒྱལ་ནང་གསར་འགྱུར།
   第03版:རྒྱལ་སྤྱིའི་གསར་འགྱུར།
   第04版:བོད་ཁུལ་གསར་འགྱུར།
མཐའ་བརྟན་དམངས་ཕྱུག་ལས་དོན་ལྷོ་བྲག་ཡུལ་དུ་སྤེལ།
ཁྲུང་ཁྲུང་མཇིང་ནག་གིས་སྒོ་ང་རུམ་པའི་བརྙན་ལམ་ཐོག་མར་པར་ལེན་ཐུབ་པ།
འབྲི་ཆུའི་པད་དགེ་རུ་འཁྱིལ་མཚོ་ཐེངས་གཉིས་པ་ཆཌ་པར་ཉེན་སེལ་བཀོད་འདོམས་བྱས་པ།