第03版:རྒྱལ་སྤྱིའི་གསར་401/2018-11/09/03/2018110903_brief.jpg 上一版3  4下一版
 
版面导航

第01版
01

第02版
རྒྱལ་ནང་གསར་འགྱུར།

第03版
རྒྱལ་སྤྱིའི་གསར་འགྱུར།
 
标题导航
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ།
ཀྲུང་གོའི་གློག་རྡུལ་ཤོག་སྦག་རྒྱ་གར་གྱི་གློག་སྒྲོན་དུས་ཆེན་རིང་བྲིན་ཁ་རྒྱུག་པ།
ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་ནས་ཞི་བདེར་གཅེས་སྤྲས་བྱེད་པ།
ཙན་པི་ཡའི་སྦྲང་རྩིའི་ཁེ་ལས་ཀྱིས་ནང་འདྲེན་དངོས་མང་སྟོན་ཚོགས་བརྒྱུད་ཀྲུང་གོའི་ཁྲོམ་རར་ཞུགས་རྩིས་བྱེད་པ།
ལོན་ཏོན་གྱི་འཛམ་གླིང་ཡུལ་སྐོར་ཚོང་འདུས་འགོ་ཚུགས་པ།
མེ་གླིང་དབུས་མའི་གནས་སྤོས་ཡུལ་མི་མང་དག་ཅིག་མོ་ཞི་ཁོ་གྲོང་དུ་འབྱོར་བ།
返回网站首页 |西藏日报藏文版 | 西藏法制报藏文 | 西藏日报 | 西藏商报 | 西藏法制报 | 版面导航 | 标题导航
2018年11月9日 星期
3 上一篇  下一篇 4  
ལོན་ཏོན་གྱི་འཛམ་གླིང་ཡུལ་སྐོར་ཚོང་འདུས་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཡུལ་སྐོར་ཚོང་འདུས་སྐབས་སོ་བརྒྱད་པ་ཚེས་5ཉིན་དབྱིན་ཇིའི་ལོན་ཏོན་དུ་འགོ་ཚུགས་པས། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུས་པེ་ཅིང་དང་། ཀོང་ཤིས། ཉིང་ཞ། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་19ཡི་ཚན་པ་50ལྷག་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པར་ཡུལ་སྐོར་ལས་རིགས་དང་དམངས་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད།

མོ་ཞི་ཁོ་ནས་ཡིན་པའི་ཀྲ་ཁེ·ཆེ་ལཱ་ཉི་ཆིས་ཀྲུང་གོའི་འགྲེམས་སྟེགས་མདུན་དུ་བློ་འདྲི་ཐེངས་མང་བྱས་ཤིང་། ཁོང་གིས་ངའི་ལས་ཀ་ནི་རྒྱལ་སྤྱིའི་ཡུལ་སྐོར་དང་ཚོགས་འདུར་ཞག་སྡོད་ཐག་གཅོད་ཇུས་གཞི་མཁོ་འདོན་བྱ་རྒྱུ་དེ་ཡིན། ད་ཆ་ཀྲུང་གོའི་ཁྲོམ་རར་མཉམ་ལས་རོགས་ཟླ་འཚོལ་གྱི་ཡོད། “ང་ཀྲུང་གོར་བསྐྱོད་མྱོང་མེད། པེ་ཅིང་དང་ཧང་ཀྲོའུ་སོགས་སུ་འགྲོ་ཧ་ཅང་ཆེན་པོ་འདོད་འདུག”ཅེས་གསར་འགོད་པར་བརྗོད་པ་རེད།

དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་རིག་གནས་ཁྲུའི་ཀུང་ཚན་ཞང་ཞའོ་ཝེས“རིག་གནས་ཀྱི་ནང་དོན་ལྡན་པའི་ཡུལ་སྐོར་ནི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཡུལ་སྐོར་ཡིན། ཀྲུང་གོ་ནི་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་པའི་ཆ་ནས་ལེགས་ཆ་གཉིས་ལྡན་ཡོད། ད་ཐེངས་ཀྲུང་གོའི་དབུས་ནུབ་ས་ཁུལ་གྱིས་མཉམ་འབྲེལ་ཚོགས་སྒྲིག་བྱས་ནས་འགྲེམས་སྟོན་ནང་ཞུགས་པ་དེས། ཀྲུང་གོའི་ཡུལ་སྐོར་ཐོན་རྫས་ཀྱི་ལོ་རྒྱུས་སྲོལ་རྒྱུན་དང་མི་རིགས་མང་པོའི་རིག་གནས་ཀྱི་བཀྲག་མདངས་འཚེར་ས་སྔོག་འདོན་དང་འགྲེམས་སྟོན་བྱས་ཡོད”ཅེས་བརྗོད་པ་རེད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་གི་ལོན་ཏོན་འཛམ་གླིང་ཡུལ་སྐོར་ཚོང་འདུས་ཐོག་ཁྱོན་རྒྱལ་ཁབ་དང་ས་ཁུལ་180ལྷག་ཞུགས་ནས། འདོད་འདུན་གན་རྒྱ་དབྱིན་སྒོར་དུང་ཕྱུར་30(མི་དམངས་ཤོག་སྒོར་དུང་ཕྱུར་270ཙམ)ལྷག་ཙམ་བཞག་པ་མ་ཟད། ཉོ་མཁན་3000ལྷག་གིས་ཨེ་ཤེ་ཡའི་ཡུལ་སྐོར་ཐོན་རྫས་ཉོས་པའི་ནང་ཉོ་མཁན་1600ཡིས་ཀྲུང་གོའི་ཐོན་རྫས་ཉོས་པས། ཨེ་ཤེ་ཡའི་ཨང་གཉིས་པ་ཡིན་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར་། མཚམས་གཅོད་ཀྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:རྒྱལ་ནང་གསར་འགྱུར།
   第03版:རྒྱལ་སྤྱིའི་གསར་འགྱུར།
   第04版:བོད་ཁུལ་གསར་འགྱུར།