⇑ ཟླ་11ཚེས་7ཉིན་ནི་རྒྱ་གར་གྱི་སྲོལ་རྒྱུན་དུས་ཆེན་ཏེ། གློག་སྒྲོན་དུས་ཆེན་ཡིན་པ་དང་ཤོག་སྦག་སྤོར་རྒྱུ་ནི་གློག་སྒྲོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་བཀྲག་མདངས་འཚེར་ས་ཞིག་རེད། རྡི་ལི་གསར་པའི་ཟླ་འོད་ཁྲོམ་རར་དེ་སྔ་བྲིན་ཁ་རྒྱུག་པའི་སྲོལ་རྒྱུན་གྱི་ཤོག་སྦག་བྲིན་པོ་མེད་པར་ཀྲུང་གོ་ནས་ཐོན་པའི་གློག་རྡུལ་ཤོག་སྦག་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད། འདི་ནི་རྒྱ་གར་གྱི་རྒྱལ་ས་རྡི་ལི་གསར་པའི་ཟླ་འོད་ཁྲོམ་རར་ཚོང་དུད་ཅིག་གིས་ཀྲུང་གོ་ནས་ཐོན་པའི་གློག་རྡུལ་ཤོག་སྦག་སྟོན་བཞིན་པ།