第03版:རྒྱལ་སྤྱིའི་གསར་401/2018-11/09/03/2018110903_brief.jpg 上一版3  4下一版
 
版面导航

第01版
01

第02版
རྒྱལ་ནང་གསར་འགྱུར།

第03版
རྒྱལ་སྤྱིའི་གསར་འགྱུར།
 
标题导航
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ།
ཀྲུང་གོའི་གློག་རྡུལ་ཤོག་སྦག་རྒྱ་གར་གྱི་གློག་སྒྲོན་དུས་ཆེན་རིང་བྲིན་ཁ་རྒྱུག་པ།
ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་ནས་ཞི་བདེར་གཅེས་སྤྲས་བྱེད་པ།
ཙན་པི་ཡའི་སྦྲང་རྩིའི་ཁེ་ལས་ཀྱིས་ནང་འདྲེན་དངོས་མང་སྟོན་ཚོགས་བརྒྱུད་ཀྲུང་གོའི་ཁྲོམ་རར་ཞུགས་རྩིས་བྱེད་པ།
ལོན་ཏོན་གྱི་འཛམ་གླིང་ཡུལ་སྐོར་ཚོང་འདུས་འགོ་ཚུགས་པ།
མེ་གླིང་དབུས་མའི་གནས་སྤོས་ཡུལ་མི་མང་དག་ཅིག་མོ་ཞི་ཁོ་གྲོང་དུ་འབྱོར་བ།
返回网站首页 |西藏日报藏文版 | 西藏法制报藏文 | 西藏日报 | 西藏商报 | 西藏法制报 | 版面导航 | 标题导航
2018年11月9日 星期
下一篇 4  
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། སུའེ་ཙེར་གྱི་གྲོང་ཁྱེར་རི་ནེ་ཝར། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་གསུམ་པའི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་ནང་ཞུགས་པ་དང་། ཚོགས་འདུའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་150ཡིས་གཏམ་བཤད་སྤེལ་བ་རེད། ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ལེ་ཡུས་ཁྲེང་གིས་སྲིད་གཞུང་གི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་དང་། རི་ནེ་ཝར་རྒྱུན་སྡོད་སྐུ་ཚབ་ཡུས་ཅན་ཧྭ་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ཀྲང་ཅུན་ཚོགས་འདུར་ཞུགས་པ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། འཐབ་ཕྱོགས་གཅིག་གྱུར་པུའུ། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་སོགས་འབྲེལ་ཡོད་ཚན་པ་དང་། ཤིན་ཅང་དང་བོད་རང་སྐྱོང་ལྗོངས། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅས་ཀྱི་སྐུ་ཚབ་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།

ལེ་ཡུས་ཁྲེང་གིས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ལེའུ་གསར་པར་རྩོམ”ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་ཏེ། ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ངོ་སྤྲོད་གནང་བ་མ་ཟད། ད་དུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོས་འཐུས་སྒོ་ཚང་བའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་མ་ལག་བསྐྲུན་ཟིན་པ་དང་མི་དམངས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བས། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་འགྲོ་མྱུར་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་དོན་ནི། གཙོ་བོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་དང་ལག་ལེན་གྲུབ་ཡོད་ཅེས་ནན་བཤད་གནང་བ་རེད།

གྲོས་ཞིབ་བྱེད་རིང་། ཨུ་རུ་སུ་དང་། ལྷོ་ཨ་ཧྥེ་རི་ཁ། ཕ་ཁི་སི་ཐན། ཁུ་པ། ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་120ལྷག་ཙམ་གྱིས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་ཏེ། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོང་བྱེད་པའི་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ཁས་ལེན་གང་ལེགས་བྱས་པ་དང་། ཀྲུང་གོར་དབུལ་ཕོངས་ཉུང་གཏོང་དང་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། ཁེ་དབང་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ཐོབ་པའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པ། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་ཡར་ཐོན་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བའི་ངོས་འཛིན་བཅས་བྱས་པ་རེད། ཀྲུང་གོའི་སྐུ་ཚབ་ཚོགས་པས་ཕྱོགས་ཁག་དང་མཉམ་དུ་དགེ་མཚན་ལྡན་པའི་གླེང་མོལ་དང་སྤེལ་རེས་གནང་བ་རེད། ནུབ་ཕྱོགས་རྒྱལ་ཁབ་ཉུང་ཤས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས་རང་རྒྱལ་ལ་དོན་མེད་སྐྱོན་འཛུགས་བྱས་པར། སྐུ་ཚབ་ཚོགས་པས་དོན་དངོས་དང་གཞི་འཛིན་ས་མང་པོ་དྲངས་ནས་དྲང་ནན་གྱི་དགག་རྒྱག་ནན་པོ་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རང་རྒྱལ་གྱི་ནང་སྲིད་ལ་ཐེ་ཇུས་བྱས་པ་དང་རང་རྒྱལ་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་བཏང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་རེད། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྐུ་ཚབ་ཀྱིས་ཀྱང་འབྲེལ་ཡོད་གནད་དོན་ལ་ལན་བཏབ་པ་རེད། གྲོས་ཞིབ་མཇུག་འགྲིལ་རྗེས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྐུ་ཚབ་མང་པོས་ཀྲུང་གོའི་སྐུ་ཚབ་ཚོགས་པར་རྟེན་འབྲེལ་ཞུས་པ་རེད།

འབྲེལ་ཡོད་གྲོས་ཞིབ་ཀྱི་སྙན་ཞུ་ཚེས་9ཉིན་འཚོག་རྒྱུའི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱ་རྒྱུར་ཕུལ་རྒྱུ་རེད།

གྲོས་ཞིབ་བྱེད་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་དང་རི་ནེ་ཝར་བཅའ་སྡོད་སྐུ་ཚབ་ཚོགས་པས“དུས་རབས་གསར་པའི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས”ཀྱི་འགྲེམས་སྟོན་ཐུན་མོང་ཐོག་གཉེར་བ་རེད། རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཞིབ་ཚོགས་འདུར་ཞུགས་མཁན་ཀྲུང་གོའི་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་ཚོགས་པས་ཀྱང“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས”དང“ཀྲུང་གོའི་དམངས་ཁྲོད་རྩ་འཛུགས་འཕེལ་རྒྱས”སོགས་བརྗོད་དོན་གཙོ་བོའི་ཞོར་ཚོགས་འཚོགས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་ཞིབ་ལམ་སྲོལ་གྱི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་ཁུར་བ་དང་ཁས་ལེན་བསྒྲུབས་ཚུལ་ལ་དུས་བཀག་བཞིན་གྲོས་ཞིབ་བྱ་རྒྱུ་ཡིན་པ་རེད། ཀྲུང་གོས་2009ལོ་དང་2013ལོའི་རེས་སྐོར་གོང་མ་གཉིས་ཀྱི་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།

(ཚེ་ཁོས་བསྒྱུར། པ་ཚེ་དང་ཚེ་ཁོས་ཞུས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:རྒྱལ་ནང་གསར་འགྱུར།
   第03版:རྒྱལ་སྤྱིའི་གསར་འགྱུར།
   第04版:བོད་ཁུལ་གསར་འགྱུར།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ།
ཀྲུང་གོའི་གློག་རྡུལ་ཤོག་སྦག་རྒྱ་གར་གྱི་གློག་སྒྲོན་དུས་ཆེན་རིང་བྲིན་ཁ་རྒྱུག་པ།
ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་ནས་ཞི་བདེར་གཅེས་སྤྲས་བྱེད་པ།
ཙན་པི་ཡའི་སྦྲང་རྩིའི་ཁེ་ལས་ཀྱིས་ནང་འདྲེན་དངོས་མང་སྟོན་ཚོགས་བརྒྱུད་ཀྲུང་གོའི་ཁྲོམ་རར་ཞུགས་རྩིས་བྱེད་པ།
ལོན་ཏོན་གྱི་འཛམ་གླིང་ཡུལ་སྐོར་ཚོང་འདུས་འགོ་ཚུགས་པ།
མེ་གླིང་དབུས་མའི་གནས་སྤོས་ཡུལ་མི་མང་དག་ཅིག་མོ་ཞི་ཁོ་གྲོང་དུ་འབྱོར་བ།