第02版:རྒྱལ་ནང་གསར་འགྱུ401/2018-11/09/02/2018110902_brief.jpg 上一版3  4下一版
 
版面导航

第01版
01

第02版
རྒྱལ་ནང་གསར་འགྱུར།

第03版
རྒྱལ་སྤྱིའི་གསར་འགྱུར།
 
标题导航
གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་ཁྲིམས་འཛིན་གྱི་ཞབས་འདེགས་དང་འགན་ལེན་མཁོ་འདོན་བྱེད་དགོས།
རྒྱུད་གཅིག་ལམ་གཅིག་གི་རྒྱལ་ཁབ་འགྲེམས་རར་འགྲེམས་རྫས་ཕུན་སུམ་ཚོཌ་པ།
ཤང་ཀང་གི་སློབ་མའི་སྤྱི་སྐད་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་ཕྱིན་པ།
གནས་རྙིང་པར་ལྟ་སྐོར་བྱས་ཏེ་དཀའ་ཚེགས་ཆེ་བའི་ལོ་ཟླ་མྱོང་རོལ་བྱེད་པ།
ཞི་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་ལྔ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།
སྒྱུར་བཅོས་སྒོ་དབྱེ་མུ་མཐུད་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་གྲོང་ཁྱེར་གྱི་ནུས་རིམ་དང་ལྟེ་བའི་འགྲན་རྩོད་ནུས་པ་མགྱོགས་མྱུར་གོང་མཐོར་གཏོང་དགོས་ཞེས་ནན་བཤད་གནང་བ།
返回网站首页 |西藏日报藏文版 | 西藏法制报藏文 | 西藏日报 | 西藏商报 | 西藏法制报 | 版面导航 | 标题导航
2018年11月9日 星期
下一篇 4  
ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《བསམ་འཆར》བཏོན་ནས།
གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་ཁྲིམས་འཛིན་གྱི་ཞབས་འདེགས་དང་འགན་ལེན་མཁོ་འདོན་བྱེད་དགོས།
འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཅོན་གྱིས།

ཟླ་11ཚེས་7ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་ཁྲིམས་འཛིན་གྱི་ཞབས་འདེགས་དང་འགན་ལེན་མཁོ་འདོན་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་གཞོན་པ་ཅང་པི་ཤིན་གྱིས《བསམ་འཆར》གྱི་འཆར་ཟིན་འགོད་པའི་རྒྱབ་ལྗོངས་དང་། ནང་དོན་གཙོ་བོ། ལག་བསྟར་དོན་འཁྱོལ་བྱེད་རིང་ཐག་གཅོད་བྱེད་དགོས་པའི་འབྲེལ་བ་བཅས་ངོ་སྤྲོད་བྱས་པ་རེད།

《བསམ་འཆར》ནང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་སྟེ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་སྐོར་གྱི་གྱོད་གཞིར་ཁྲིམས་ལྟར་འདྲི་ཞིབ་ཡག་པོ་བྱས་ནས། འགན་གཙང་བླངས་པའི་ས་ཆའི“དབང་གསུམ་ལོགས་འཛུགས”སྐོར་གྱི་ཏང་ཀྲུང་དབྱང་གི་སྒྱུར་བཅོས་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། གྲོང་གསེབ་ཀྱི་ཁང་སའི“དབང་གསུམ་ལོགས་འཛུགས”དང་མཉམ་སྡེབ་གཉེར་སྐྱོང་རྣམ་པའི་འཛུགས་སྐྲུན་ས་ཆ་ཁྲོམ་རར་འདོན་པ་སོགས་ཀྱི་རྩོད་གཞི་ཁྲིམས་དང་སྒྲིག་སྲོལ་ལྟར་འདུམ་སྒྲིག་གིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་མ་རྩ་འཇོག་མཁན་དང་དེ་བཞིན་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་ཆེད་ལས་ཞབས་འདེགས་ཀུང་སི་སོགས་གསར་དར་གྲོང་གསེབ་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས་གྲོང་གསེབ་ཀྱི་ཤེས་རིག་བདག་དབང་སོགས་བདག་དབང་སྣ་ཚོགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་ཐོན་ཁུངས་མ་རྩར་བསྒྱུར་བ་དང་། མ་དངུལ་རྐང་དངུལ་དུ་བསྒྱུར་བ། ཞིང་པ་རྐང་བདག་ཏུ་བསྒྱུར་ནས་གྲུབ་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་མངོན་འགྱུར་དང་གཉེར་སྐྱོང་ལམ་སྲོལ་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་སྲུང་སྐྱོང་བྱེད་དགོས།

《བསམ་འཆར》ནང་ཤེས་དཔལ་དང་། ཞི་མཐུན་དང་དུས་བདེའི་གྲོང་གསེབ་འཛུགས་སྐྲུན་ལ་ཞབས་འདེགས་དང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་སྟེ། གྲོང་གསེབ་ཀྱི་ཁྱིམ་མཚེས་དབར་གྱི་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་ཡག་པོ་བྱས་ནས་ལྟ་རེས་སྐྱོང་རེས་དང་། ཀུན་སྤྱོད་གཙིགས་འཛིན། འབྲེལ་བ་ལེགས་བཅོས་བཅས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་དགོས། ཁྲིམས་འཛིན་འདྲི་གཅོད་བརྒྱུད་དེ་གྲོང་གསེབ་ལ་གཉེན་རྟེན་འབོར་ཆེན་ལེན་པ་དང་། གཉེན་སྒྲིག་རང་དབང་ལ་ཐེ་ཇུས་བྱེད་པ། རྒན་རྒོན་གསོ་སྐྱོང་མི་བྱེད་པ་སོགས་ཀྱི་གོམས་སྲོལ་ངན་པ་འདོར་རྒྱུའི་ཁྲིད་སྟོན་བྱེད་དགོས། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་མུ་མཐུད་གཏིང་ཟབ་སྤེལ་ནས་ནག་གཤེད་ཕྱོགས་གཏོགས་ཀྱི“སྲུང་གདུགས”ལ་ཁྲིམས་ལྟར་ཁྲིམས་ཆད་ནན་པོ་བཅད་དེ་གྲོང་གསེབ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས། (དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:རྒྱལ་ནང་གསར་འགྱུར།
   第03版:རྒྱལ་སྤྱིའི་གསར་འགྱུར།
   第04版:བོད་ཁུལ་གསར་འགྱུར།