第04版:བོད་ཁུལ་གསར་འགྱུ401/2018-10/12/04/2018101204_brief.jpg 上一版3
 
版面导航

第01版
01

第02版
རྒྱལ་ནང་གསར་འགྱུར།

第03版
རྒྱལ་སྤྱིའི་གསར་འགྱུར།
 
返回网站首页 |西藏日报藏文版 | 西藏法制报藏文 | 西藏日报 | 西藏商报 | 西藏法制报 | 版面导航 | 标题导航
2018年10月12日 星期
3 上一篇  下一篇 4  
མཚོ་སྔོན་གྱི“ཆུ་བེད་འདུ་འགོད་ཨང་དང་པོ”ལས་དྭངས་གཙང་ཆུ་བོ་མཁོ་འདོན་ཐུབ་སྟེ་དམངས་འཚོར་ཕན་པ་ཐོབ་པ།

འདི་ནི“འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”འདུ་འགོད་ཀྱི་ཆུ་འདྲེན་ཡུལ་ཆུ་མིག་ནག་པོའི་ཆུ་མཛོད་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ལི་ཅིན་ཕུའུ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཏུང་སན་ཤང་ལན་ཏ་གྲོང་ཚོའི་གྲོང་མི་ཡིན་པ་དང་། ཁོང་གནས་སའི་གྲོང་ཚོ་དེ་རི་མཐོ་ལ་རོང་གཟར་བས་འགྲིམ་འགྲུལ་སྟབས་མི་བདེ་བ་མ་ཟད། འཐུང་ཆུའི་ཐད་དཀའ་ངལ་ཧ་ཅང་ཆེན་པོ་ཡོད།

ད་ཆ་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ཆུ་བེད་འདུ་འགོད་གལ་ཆེན་འཛུགས་སྐྲུན་བྱས་པ་ལས་ཕན་པ་ཐོབ་སྟེ་2016ལོ་ཚུན་ནས་ལན་ཏ་གྲོང་ཚོ་ཧྲིལ་པོས་ས་བབ་ཅུང་ཁོད་སྙོམས་པའི་གཤོང་སར་སྤོས་ཏེ་སྲིད་གཞུང་གིས་ཁོང་ཚོར་སྲ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པ་བརྒྱབ་པ་མ་ཟད། ད་དུང་ཁྱིམ་གྱི་སྒོ་འགྲམ་དུ་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད་པ་རེད། གྲོང་མི་ཚོ་དེ་བས་དགའ་འོས་པ་ཞིག་ནི“འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”འདུ་འགོད་ཀྱི་མ་ཡུར་བྱང་མའི་དུས་ཐེངས་དང་པོའི་འདུ་འགོད་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཆུ་ཀ་ལ་དུད་ཚང་ཚང་མར་ཤར་གཏོང་ཐུབ་སྟེ་གྲོང་མི་ཚོ་དོང་ཆུ་འཐུང་བའི་འཚོ་བ་ལོ་རྒྱུས་སུ་གྱུར་ཡོད།

ཉེ་དུས་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་དགོན་ལུང་རྫོང་ཤིས་སན་ཤང་དང་། ཚའེ་ཅ་པའོ་ཤང་། ཏུང་སན་ཤང་བཅས་བརྒྱུད་སྐས་ཞིང་ཀྱག་ཀྱོག་མང་པོ་ཞིག་གི་ཁྲོད་དུ་སླེབས་སྐབས་སྡོམ་དྲ་དང་མཚུངས་པའི་ཆུ་འཐེན་ཆུ་མདོང་དང་ཆུ་ཡུར་གང་སར་མཐོང་རྒྱུ་ཡོད་པ་དང་ཆུ་མདོང་དང་ཆུ་ཡུར་དེ་དག་གྲོང་མིའི་ཁྱིམ་ཚང་དུ་ཁྲིད་པ་མ་ཟད་ད་དུང་ཞིང་ནང་དང་མུ་ཁར་ཡང་ཁྲིད་འདུག

“འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”འདུ་འགོད་ལ་མཚོ་སྔོན་གྱི“ཆུ་བེད་འདུ་འགོད་ཨང་དང་པོ”ཞེས་བརྗོད་པ་དང་། འདུ་འགོད་དེ་ཆུའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པའི་འཇུ་ལག་ཆུ་རྔ་སྤང་སྒང་བརྒྱུད་ཙོང་ཆུ་རྒྱུག་ཁུལ་དུ་དྲངས་པས་ཙོང་ཆུ་རྒྱུག་ཁུལ་གྱི་ཆུའི་ཐོན་ཁུངས་ཁ་ཐང་བའི་གནད་དོན་ཐག་གཅོད་ཐུབ་ཡོད། འདུ་འགོད་དེ་གཙོ་བོ“ཆུ་འདྲེན་གྱི་མ་ཡུར་གཙོ་བོ་གཅིག་དང་། ཆུ་མཛོད་གཉིས། མ་ཡུར་གསུམ”བཅས་ལས་གྲུབ་པ་དང་འཆར་འགོད་བྱས་པའི་ཆུ་མཁོ་སྤྲོད་ཀྱི་ཁྱབ་ཁོངས་ནི་ཙོང་ཆུ་རྒྱུག་ཁུལ་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་རེད།

“འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”འདུ་འགོད་འཛུགས་སྐྲུན་དོ་དམ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་མ་ཆི་ཡིའུ་ཡིས“འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”འདུ་འགོད་དུས་ཁག་དབྱེ་ནས་ལག་བསྟར་བྱས་པ་དང་འཛུགས་སྐྲུན་བྱེད་ཞོར་དུ་ཕན་འབྲས་ཐོན་པར་བྱས་ཏེ་ཙོང་ཆུ་རྒྱུག་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཟོ་ལས་དང་། འཚོ་བའི་འཐུང་ཆུ། གྲོང་གསེབ་ཀྱི་མི་ཕྱུགས་ཀྱི་འཐུང་ཆུ་བཅས་ཀྱི་དགོས་མཁོ་བསྐངས་ནས་ཉེ་བའི་ལོ་ཤས་རིང་ཟི་ལིང་ལྟེ་བར་བྱས་པའི་མཚོ་སྔོན་ཤར་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་བློས་འགེལ་ཆོག་པའི་ཆུའི་ཐོན་ཁུངས་ཀྱི་འདེགས་སྐྱོར་དང་འགན་ལེན་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

མ་ཡུར་བྱང་མའི་དུས་ཐེངས་དང་པོའི་འདུ་འགོད་དཔེར་བླངས་ནས་བརྗོད་ན། འདུ་འགོད་དེ་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་། གྲོ་ཚང་ཁུལ་བཅས་བརྒྱུད་མ་ཡུར་དང་། ཡན་ལག་ཆུ་ཡུར། ཡུར་བུ་བཅས་དང་དེ་བཞིན་དེའི་རྒྱུད་ཀྱི་ཞིང་ནང་གི་ལེ་ལག་ཚང་བའི་འདུ་འགོད་ལས་གྲུབ་པའི་ཆུ་སྙོམས་སྒྲིག་གི་ཆུ་མདོང་དང་ཆུ་ཡུར་གྱི་དྲ་བ་ཞིག་ཡིན་པ་དང་། དེ་གར་མུའུ་ཁྲི་30ཡི་ཞིང་ཆུ་འདྲེན་ཁུལ་གྲུབ་ནས་མི་ཁྲི་10ལྷག་ཙམ་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།

མ་ཆི་ཡིའུ་ཡིས“ཆུ་བེད་འདུ་འགོད་ཨང་དང་པོ”ད་དུང་སྐྲུན་བཞིན་ཡོད་པ་དང་ད་ལྟ་སྐྲུན་བཞིན་པའི་མ་ཡུར་བྱང་མའི་དུས་ཐེངས་གཉིས་པའི་འདུ་འགོད་དང་མ་ཡུར་ནུབ་མའི་འདུ་འགོད་ཕུད། ཞིང་ཆུ་འདྲེན་པའི་ལེ་ལག་ཚང་བའི་མདོང་དྲ་དང་གྲོང་ཚོ་དང་དུད་ཚང་གི་མི་ཕྱུགས་ཀྱི་འཐུང་ཆུའི་མདོང་དྲ་ཡང་ད་དུང་མཚོ་སྔོན་ཤར་རྒྱུད་རི་ཁུལ་གྱི་ཁུག་ཀྱོག་གང་སར་ཁྲིད་ཡོད། འདུ་འགོད་གཙོ་བོ་དང་ལེ་ལག་འདུ་འགོད་ཚང་མ་ལས་མཇུག་འགྲིལ་རྗེས“འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”འདུ་འགོད་དེས་ལོར་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་7.5སྙོམས་སྒྲིག་ཐུབ་ནས་ཟི་ལིང་ལྟེ་བར་བྱས་པའི་ཤར་རྒྱུད་གྲོང་ཁྱེར་གྱི་མི་ཁྲི་300ལྷག་ཙམ་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་ཞིང་དང་ནགས་ཚལ་མུའུ་ཁྲི་100ལ་ཆུ་ཁུངས་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་དཀོན་སྒྲོལ་གྱིས་ཞུས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:རྒྱལ་ནང་གསར་འགྱུར།
   第03版:རྒྱལ་སྤྱིའི་གསར་འགྱུར།
   第04版:བོད་ཁུལ་གསར་འགྱུར།
བོད་ཀྱི་མང་ཚོགས་ཚོས་བློ་བདེའི་གློག་སྔ་ཙམ་སྤྱོད་ཐུབ་པར་བྱེད་པ།
མཚོ་སྔོན་གྱི“ཆུ་བེད་འདུ་འགོད་ཨང་དང་པོ”ལས་དྭངས་གཙང་ཆུ་བོ་མཁོ་འདོན་ཐུབ་སྟེ་དམངས་འཚོར་ཕན་པ་ཐོབ་པ།
ས་མཐོར་ནས་སྨིན་བཙས་མ་རྔ་བའི་ལས་ལ་བྲེལ།
今 日 内 容