第04版:བོད་ཁུལ་གསར་འགྱུ401/2018-06/14/04/2018061404_brief.jpg 上一版3
 
版面导航

第01版
01

第02版
རྒྱལ་ནང་གསར་འགྱུར།

第03版
རྒྱལ་སྤྱིའི་གསར་འགྱུར།
 
标题导航
བོད་ཀྱིས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཁ་གསབ་ཀྱི་ ཚད་གཞི་སྔར་བས་མཐོ་རུ་བཏང་བ།
བོད་རིགས་སློབ་མས་གསར་གཏོད་བྱས་པའི་སློབ་ཐོན་འདྲ་པར།
འཛམ་གླིང་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་སྒྲུང》རྒྱ་ཡིག་ཏུ་བསྒྱུར་བའི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།
མཚོ་སྔོན་གྱི་ལྟ་བཤེར་སྒྲིག་གཞི་སྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ།
མཛེས་སྡུག་ལྡན་པའི་གཞིས་རྩེས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།
སྔོན་ཐོན་འདེབས་འཛུགས་ལག་རྩལ་གྱིས་ཀུ་ཤུའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ།
今 日 内 容
返回网站首页 |西藏日报藏文版 | 西藏法制报藏文 | 西藏日报 | 西藏商报 | 西藏法制报 | 版面导航 | 标题导航
2018年6月14日 星期
下一篇 4  
བོད་ཀྱིས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཁ་གསབ་ཀྱི་ ཚད་གཞི་སྔར་བས་མཐོ་རུ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་བཏང་ནས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་འགན་ལེན་བྱེད་པའི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་ཆེད། ཉེ་ཆར་བོད་ཀྱིས་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཁ་གསབ་ཀྱི་ཚད་གཞི་སྔར་བས་མཐོ་རུ་བཏང་ཞིང་། དེ་ཡང་ད་ལྟ་ལག་ལེན་བསྟར་བཞིན་པའི་རྨང་གཞིའི་ཐོག་ལོར་སློབ་མ་རེར་ཆ་སྙོམས་སྒོར་240མང་དུ་བཏང་སྟེ། འདི་ལོའི་སྟོན་དུས་ཀྱི་སློབ་དུས་ནས་ལག་ལེན་བསྟར་རྒྱུ་རེད།

གསར་འགོད་པར་ཉེ་ཆར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ལེགས་སྒྲིག་བྱས་རྗེས་ཀྱི་མ་དངུལ་གྱི་ཚད་གཞི་དེ་སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་སུ་ས་ཁུལ་རིགས་གཉིས་པར་སྒོར་3120དང་། ས་ཁུལ་རིགས་གསུམ་པར་སྒོར་3220 ས་ཁུལ་རིགས་བཞི་པའམ་ཡང་ན་མཐའ་མཚམས་རྫོང་དུ་སྒོར་3320བཅས་དང་། འོས་འགན་སློབ་གསོའི་དུས་མཚམས་སུ་ས་ཁུལ་རིགས་གཉིས་པར་སྒོར་3620དང་། ས་ཁུལ་རིགས་གསུམ་པར་སྒོར་3720 ས་ཁུལ་རིགས་བཞི་པའམ་ཡང་ན་མཐའ་མཚམས་རྫོང་དུ་སྒོར་3820བཅས། མཐོ་རིམ་སློབ་འབྲིང་གི་དུས་མཚམས་སུ་ས་ཁུལ་རིགས་གཉིས་པར་སྒོར་4120དང་། ས་ཁུལ་རིགས་གསུམ་པར་སྒོར་4220 ས་ཁུལ་རིགས་བཞི་པའམ་ཡང་ན་མཐའ་མཚམས་རྫོང་དུ་སྒོར་4320བཅས་རེད། འགྲོ་སོང་གཏོང་སྐབས་ཟས་གྲོན་གྱིས་80%ནས་87%བར་བཟུང་བ་དང་། སློབ་གོས་དང་དེ་བཞིན་ཡོ་ཆས་ཀྱི་འགྲོ་གྲོན་གྱིས་10%ནས་15%བར་བཟུང་བ། སྦྱོང་དེབ་དང་ཡིག་ཆས་ཀྱི་འགྲོ་སོང་གིས་3%ནས་5%བར་བཟུང་ཡོད།

བོད་རང་སྐྱོང་ལྗོངས་ཀྱིས་1985ལོ་ནས་བཟུང་།“འགན་ལེན་གསུམ”གྱི་སྲིད་ཇུས་ལག་ལེན་བསྟར་ཏེ་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་གཏོང་བའི་རྨང་གཞིའི་ཐོག་ཞིང་འབྲོག་པའི་བུ་ཕྲུག་ལ་ཟས་སྡོད་སྦྱོང་གསུམ་གྱི་འགྲོ་གྲོན་གཏོང་བའི“འགན་ལེན་གསུམ”སྲིད་ཇུས་ལག་ལེན་བསྟར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ཚད་གཞི་གཅིག་མཚུངས་ཀྱི་རོགས་དངུལ་སྤྲོད་པའི་ལམ་ལུགས་དང་ནོར་སྲིད་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་བ་རེད།

下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:རྒྱལ་ནང་གསར་འགྱུར།
   第03版:རྒྱལ་སྤྱིའི་གསར་འགྱུར།
   第04版:བོད་ཁུལ་གསར་འགྱུར།