西藏日报藏文版数字报刊
   
  第01版:01 4下一版
 
版面导航

第01版
01

第02版
རྒྱལ་ནང་གསར་འགྱུར།

第03版
རྒྱལ་སྤྱིའི་གསར་འགྱུར།
 
标题导航
ཞི་ཅིན་ཕིང་གི《“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་དགོས》ཞེས་པའི་དེབ་རྐྱང་མ་དཔེ་སྐྲུན་བྱས་པ།
མཚོ་སྔོན་མཚོ་ཤར་དུ་ཏང་ཀྲི་པུའུ་འཛུགས་སྐྱོང་ཐད“ཚད་གཞི་ནན་པོ”ཡོད་པ།
བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་བོད་སྐྱོར་ཤིན་སྐྱོར་བྱེད་པའི་བརྙན་འཕྲིན་ཁ་པར་གྱི་སྐུལ་སློང་ཚོགས་འདུ་འཚོགས་པ།

ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་བརྒྱད་དམར་འདོན་བྱས་པ།
返回网站首页 |西藏日报藏文版 | 西藏法制报藏文 | 西藏日报 | 西藏商报 | 西藏法制报 | 版面导航 | 标题导航
2018年6月14日 星期
3 上一篇  下一篇 4  
མཚོ་སྔོན་མཚོ་ཤར་དུ་ཏང་ཀྲི་པུའུ་འཛུགས་སྐྱོང་ཐད“ཚད་གཞི་ནན་པོ”ཡོད་པ།

འདི་ག་ཚགས་པར་ཁང་དུ་མཚོ་ཤར་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་12ཉིན་གྱི་སྔ་དྲོ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་གསལ། མཚོ་ཤར་གྲོང་ཁྱེར་གྱིས་གཞི་རྩའི་རྩ་འཛུགས་དང་། གཞི་རྩའི་དཔུང་ཁག གཞི་རྩའི་བྱེད་སྒོ གཞི་རྩའི་ལམ་ལུགས། གཞི་རྩའི་འགན་ལེན་བཅས་ཕྱོགས་5ཡི་ཐད་ནས་ཞིབ་ཕྲའི་ཚད་གཞི་ཁག་20གསེད་བཀྲོལ་དང་ཚད་འབེབས་བྱས་པ་དང་། གྲོང་གསེབ་དང་། སྡེ་ཁུལ། ལས་ཁུངས། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས། “གཉིས་གསར”རྩ་འཛུགས་བཅས་ཁྱབ་ཁོངས་6གི་ཏང་ཀྲི་པུའུ་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་གི་ཚད་གཞི་གཏན་འཁེལ་བྱས་ནས་མཚོ་ཤར་གྲོང་ཁྱེར་གྱི་དོན་དངོས་དང་མཐུན་པའི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཏང་ཀྲི་པུའུ་འཛུགས་སྐྱོང་གི་དམིགས་ཚད་མ་ལག་བསྐྲུན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་ཤར་གྲོང་ཁྱེར་གྱིས་གཞི་རྩའི་རྩ་འཛུགས་འཛུགས་སྐྱོང་གི་ཚད་གཞི་གསེད་བཀྲོལ་དང་ཚད་འབེབས་བྱས་ནས་ཁྱབ་ཁོངས་ཁག་གི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུ་ཁ་གསལ་བཟོས་ཏེ་ཀྲི་པུའི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། ཨུ་ཡོན་བཅས་བདམས་ཐོན་བྱས་པ་དང་འབྲེལ་ཏང་ཚོགས་ཆུང་གི་ཆ་རྐྱེན་གཏན་འཁེལ་བྱས་པ་རེད། དེ་དང་ཆབས་ཅིག་ཏང་ཀྲི་པུའུ་ལ་ཁ་གསལ་བའི་གོང་རིམ་ཏང་རྩ་འཛུགས་ཡོད་པ་དང་། དུས་ཐོག་དང་རྒྱུན་གཏན་བཞིན་སྐབས་བརྗེ་བ། ཏང་ཀྲི་པུའུ་ཚན་ཁག་ལེགས་སྡེབ་ཧྲག་སྒྲིག་བྱེད་པ། ལས་བགོས་ཁ་གསལ་བཟོ་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཏང་ཀྲི་པུའི་འགོ་ཁྲིད་འོག་གི་ཡུལ་མི་ཨུ་ཡོན་ལྷན་ཁང་དང་། གྲོང་མི་ཨུ་ཡོན་ལྷན་ཁང་སོགས་རང་སྐྱོང་རྩ་འཛུགས་དང་། བཟོ་ཚོགས། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཀྱི་རྩ་འཛུགས་འཐུས་སྒོ་ཚང་དུ་བཏང་སྟེ་རྩ་འཛུགས་དེ་དག་གིས་རང་སོ་སོའི་སྒྲིག་ཡིག་གཞིར་བཟུང་རང་ཚུགས་འགན་འཁུར་ངང་ལས་དོན་སྤེལ་རྒྱུར་འགོ་ཁྲིད་བྱས་ཡོད་པ་རེད།

རང་སོ་སོའི་ཁྱབ་ཁོངས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་གྱིས་ཏང་ཀྲི་པུའི་ཧྲུའུ་ཅིའི་དཔུང་ཁག་དང་། ཧྲུའུ་ཅིའི་རྗེས་གྲབས་དཔུང་ཁག ཏང་ཡོན་དཔུང་ཁག ཏང་དོན་ལས་དོན་དཔུང་ཁག་བཅས་འཛུགས་པ་དང་རྒྱ་སྟོབས་ཆེ་རུ་བཏང་བ་དང་འབྲེལ་དཔུང་ཁག་4ཡིས་ནུས་པ་གང་ལེགས་འདོན་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། ཁྱབ་ཁོངས་ཁག་གི་ཏང་ཀྲི་པུའི་ཧྲུའུ་ཅིར་ལྡན་དགོས་པའི་ཆ་རྐྱེན་དང་ལས་ཀའི་ཚད་གཞི་ཁ་གསལ་བཟོས་ནས་ཏང་ཀྲི་པུའི་ཧྲུའུ་ཅི་ལོ་ལྟར་སློབ་གསོ་གསོ་སྦྱོང་ནང་ཆུ་ཚོད་56ལས་མི་ཉུང་བ་ཞུགས་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཏང་ཡོན་འཕེལ་རྒྱས་དང་། ཏང་ཡོན་ལ་དོ་དམ། ཏང་ཡོན་ལ་སློབ་གསོ། ཚད་ལོན་མིན་པའི་ཏང་ཡོན་ཐག་གཅོད། ཏང་ཡོན་གྱི“གདོང་ལེན་སྟོན་གྲངས”དཔྱད་ཞིབ་བཅས་ཀྱི་ལས་ཀའི་གོ་རིམ་དང་ཚད་གཞི་ཁ་གསལ་བཟོས་ཡོད་པ་རེད། ཏང་ཀྲི་པུས་ཧྲུའུ་ཅི་1:2དང་། ཨུ་ཡོན་1:1གི་བསྡུར་ཚད་ལྟར་རྗེས་གྲབས་ལས་བྱེད་པའི་མཛོད་བཙུགས་ནས་རྗེས་གྲབས་ལ་གསོ་སྦྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། དེ་དང་དུས་མཚུངས། ཏང་ཀྲི་པུའི་ཏང་དོན་ལས་དོན་པའི་གྲངས་འབོར་དང་ཆ་རྐྱེན་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།

མཚོ་ཤར་གྲོང་ཁྱེར་གྱིས་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་། བྱེད་སྒོ་སྒྲིག་འཛུགས་ཚད་ལྡན། དྲ་ཐོག་ཏུ་བྱེད་སྒོ་སྤེལ་རྒྱུ། བྱེད་སྒོའི་ཕན་འབྲས་འགན་ལེན་བཅས་ཀྱི་ཐད་གྲོང་གསེབ་ཀྱི་ཏང་ཀྲི་པུའི“གཏན་འཇགས་ཏང་གི་ཉིན་མོའི”བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་བ་དང་སྦྲགས་ཁྱབ་ཁོངས་གཞན་དག་གི་ཏང་ཀྲི་པུའུ་རུ“བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི”བྱེད་སྒོ་ཁྱབ་གདལ་བཏང་ནས་ཏང་ཡོན་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་པ་དང་། ཏང་ཀྲི་པུའི་གསོན་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཡོད་པ་རེད། “གཏན་འཇགས་ཏང་གི་ཉིན་མོ” “བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི”བྱེད་སྒོའི་ནང་དོན་དང་། བྱ་ཐབས། ཐབས་ཤེས་བཅས་སྔར་ལས་ལྷག་པའི་ངང་ཁ་གསལ་བཟོས་ཡོད་པ་དང་འབྲེལ་བྱེད་སྒོའི་ཕན་འབྲས་ལ་གདེང་འཇོག་བྱ་རྒྱུར་ཚད་འབེབས་བྱས་ཡོད་པ་རེད། “ཀྲི་པུའུ་གཅིག་དང་སྐད་འཕྲིན་ཚོགས་པ་གཅིག”གང་ལེགས་སྤྱོད་པ་དང་། “དྲ་ཐོག་གི་ཏང་ཡོན་བྱེད་སྒོ་ཁང”རྒྱ་ཆེར་བཏང་ནས་ཏང་ཡོན་གྱིས་ས་གནས་ས་ཐོག་གམ་ཡང་ན་དྲ་ཐོག་ནས་ཏང་ཀྲི་པུའི་བྱེད་སྒོར་ཞུགས་རྒྱུའི་འགན་ལེན་བྱས་པས་ཞུགས་ཚད་100%ཟིན་ཡོད་པ་རེད།

ཁྱབ་ཁོངས་ཁག་གི་ཏང་ཀྲི་པུས་འགན་ཁུར་བའི་ལས་འགན་དང་འགན་འཁྲིར་གཞིགས་ནས་རྩ་འཛུགས་ཀྱི་འཚོ་བ་དང་། ཏང་དོན་ཡོངས་བསྒྲགས། དམངས་གཙོའི་ཏང་དོན་གྲོས་བསྡུར་གྱི་ཐབས་ཇུས། མང་ཚོགས་ལ་འབྲེལ་གཏུག དཔྱད་ཞིབ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དང་དོན་འཁྱོལ་བྱས་ཏེ་ཏང་ཀྲི་པུའི་ལས་དོན་ཁག་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། 《ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ཚད་ལྡན་དུ་ནན་པོ་གཏོང་རྒྱུའི་སྐོར་གྱི་མཚོ་ཤར་གྲོང་ཁྱེར་གྱི་བསམ་འཆར་འགའ་ཞིག》ལག་བསྟར་ནན་པོ་བྱས་ནས་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ཁག་གི་ལས་ཀའི་ཚད་གཞི་ཚད་འབེབས་བྱས་པ་དང་འབྲེལ་ཏང་ཡོན་མི་རེ་ངོ་རེར《ཏང་ཡོན་གྱི་ཏང་རྩ་འཛུགས་ཀྱི་འཚོ་བའི་ཟིན་ཐོ》ཚད་ལྡན་ངང་རྒྱག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཏང་ཀྲི་པུའི་དམངས་གཙོའི་ཏང་དོན་གྲོས་བསྡུར་དང་དམངས་གཙོའི་ཐབས་ཇུས་ཀྱི་སྒྲིག་སྲོལ་དང་གོ་རིམ་གསལ་པོ་བཟོས་པ་དང་འབྲེལ་ཏང་དོན་ཡོངས་བསྒྲགས་ཀྱི་ནང་དོན་དང་། ཁྱབ་ཁོངས། གོ་རིམ་དང་བྱ་ཐབས་བཅས་ཚད་ལྡན་དུ་བཏང་ནས་དུས་ཚིགས་རེར་ཡོངས་བསྒྲགས་ཐེངས་1ལས་མི་ཉུང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཁྱབ་ཁོངས་ཁག་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལམ་ལུགས་ཀྱི་ལས་དོན་ཁག་ཚད་འབེབས་བྱས་པ་དང་འབྲེལ་གྲོང་ཚོ་རིམ་པའི་རྩ་འཛུཌ་ཀྱི“1+5”ཡི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་། སྡེ་ཁུལ་རྩ་འཛུགས་ཀྱི“ཡོད་པ་གསུམ་དང་ཅན་གཉིས་བློ་ཡིད་ཚིམ་ཚད་གཅིག”གི་དཔྱད་ཞིབ་གདེང་འཇོག་དང་ཟུང་འབྲེལ་བྱས་ནས“མཁར་རྫོང་སྟོན་གྲངས”ལ་དཔྱད་ཞིབ་གདེང་འཇོག་བྱ་རྒྱུ་ཕྱོགས་ཡོངས་ཁྱབ་སྤེལ་བཏང་སྟེ་ཏང་ཀྲི་པུའི་དཔྱད་ཞིབ་གདེང་འཇོག་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།

དེ་དང་དུས་མཚུངས། མཚོ་ཤར་གྲོང་ཁྱེར་གྱིས་ཁྱབ་ཁོངས་ཁག་གི་ཏང་ཀྲི་པུའི་ཏང་ཡོན་བྱེད་སྒོ་སྤེལ་ཡུལ་གྱི་མཁྲེགས་ཆས་སྒྲིག་བཀོད་འཛུགས་སྐྲུན་དང་། ནང་ངོས་ཀྱི་སྒྲིག་ཆས་བཀོད་སྒྲིག དོ་དམ་བེད་སྤྱོད་བཅས་ཀྱི་ཚད་གཞི་ཁ་གསལ་བཟོས་ཡོད་པ་རེད། གཞུང་ཁོངས་ཁེ་ལས་ཀྱིས་ཏང་འཛུགས་སྐྱོང་གི་བླང་བྱ་ཀུང་སིའི《སྒྲིག་ཡིག》ནང་བཀོད་དེ“ཕྱོགས་གཉིས་ཀར་ལས་ཀ་ཐུབ་པ་དང་ལས་འགན་སྤེལ་མ་འཁུར་ཐུབ་པའི”འགོ་ཁྲིད་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱིས་ཏང་ཀྲི་པུའི་ཧྲུའུ་ཅི་ཁེ་ལས་དོ་དམ་པའི་ཚོགས་འདུ་གལ་ཆེན་ནང་ཞུགས་པའམ་ཡང་ན་ཟུར་ཞུགས་བྱེད་དགོས་པའི་ལམ་ལུགས་འཛུགས་དགོས་པ། ཏང་འཛུགས་སྐྱོང་གི་ལས་དོན་དེ་སྤྱི་ཚོགས་རྩ་འཛུགས་ཀྱི་ཐོ་འགོད་དང་། ལོ་བཤེར། དཔྱད་དཔོག་བཅས་ཀྱི་ཚང་དགོས་ངེས་ཀྱི་ཆ་རྐྱེན་དང་ཞིབ་བཤེར་བྱེད་དགོས་ངེས་ཀྱི་ནང་དོན་དུ་བརྩིས་ཏེ་སྤྱི་ཚོཌ་རྩ་འཛུགས་ཀྱི《སྒྲིག་ཡིག》ནང་འཇུག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། དེ་དང་དུས་མཚུངས་འབྲེལ་ཡོད་གཏན་འབེབས་ལ་ནན་པོར་གཞིགས་ནས་ཏང་ཀྲི་པུའི་ཏང་འཛུགས་སྐྱོང་གི་ལས་ཀའི་གྲོན་དངུལ་གཏོང་བའི་ཚད་གཞི་དང་གྲོང་ཚོ(སྡེ་ཁུལ)གྱི་འཁོར་རྒྱུག་གྲོན་དངུལ། ལས་བྱེད་པའི་ཐོབ་ཆའི་ཚད་གཞི་བཅས་གསལ་པོ་བཟོས་ཡོད་པ་རེད།

(པ་ཚེ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)

3 上一篇  下一篇 4  
国内统一刊号:CN54—0001/—Z  邮发代号:67—2
   第01版:01
   第02版:རྒྱལ་ནང་གསར་འགྱུར།
   第03版:རྒྱལ་སྤྱིའི་གསར་འགྱུར།
   第04版:བོད་ཁུལ་གསར་འགྱུར།
ཞི་ཅིན་ཕིང་གི《“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་དགོས》ཞེས་པའི་དེབ་རྐྱང་མ་དཔེ་སྐྲུན་བྱས་པ།
མཚོ་སྔོན་མཚོ་ཤར་དུ་ཏང་ཀྲི་པུའུ་འཛུགས་སྐྱོང་ཐད“ཚད་གཞི་ནན་པོ”ཡོད་པ།
བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་བོད་སྐྱོར་ཤིན་སྐྱོར་བྱེད་པའི་བརྙན་འཕྲིན་ཁ་པར་གྱི་སྐུལ་སློང་ཚོགས་འདུ་འཚོགས་པ།

ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་བརྒྱད་དམར་འདོན་བྱས་པ།