《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年01月20日

ཧོ་པེ་ཆིན་ཧོང་ཏའོ་རུ་སྤྱོད་གཙང་གི་ཁྲ་མའི་སྦྱར་རིས་སྦྱར་ནས་སྤྱོད་གཙང་དར་སྤེལ་བཏང་བ།

དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་ཧོ་ཏུང་ཁྲོམ་གཞུང་སྒྲིག་བཤེར་ལས་དོན་ཨུ་ལྷན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྤྱོད་གཙང་གི་ཁྲ་མའི་སྦྱར་རིས་སྡེ་ཁུལ་མང་པོར་བཀྲམ་སྟེ་ཏང་ཡོན་དང་མང་ཚོགས་ཚོས་སྤྱོད་གཙང་རིག་གནས་དང་ལེན་བྱེད་པར་ཁྲིད་སྟོན་དང་། སྤྱོད་གཙང་གི་འདུ་ཤེས་མི་སེམས་ལ་ཟུག་པར་བྱེད་པ། སྤྱོད་གཙང་རང་འདོམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཡོད། འདི་ནི་ཉེ་ཆར་ཧོ་ཏུང་ཁྲོམ་གཞུང་ཀུང་རེན་པེ་ལི་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་གྲོང་མིས་མཉམ་དུ་ཁྲ་མའི་སྦྱར་རིས་སྦྱོར་བཞིན་པ།