《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年01月20日

2021ལོར་རང་རྒྱལ་གྱི་ཁེ་བེད་བདག་ཐོབ་མང་འདུས་ཅན་གྱི་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་14ལས་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་འཐབ་ཇུས་འཆར་འགོད་སིའི་སི་ཀྲང་ཀེ་ཧྲུའུ་ཡིས། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ཁེ་བེད་བདག་ཐོབ་མང་འདུས་ཅན་གྱི་ཐོན་ལས་འཕེལ་རྒྱས་འགྲོ་ཤུགས་ཆེ་བ་དང་གསར་གཏོད་ནུས་པ་ཆེ་བས། དངོས་ཚན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 2021ལོར་རང་རྒྱལ་གྱི་ཁེ་བེད་བདག་ཐོབ་མང་འདུས་ཅན་གྱི་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་14.3ཟིན་པ་དེ་དུས་མཚུངས་ལས་17.9%འཕར་ཡོད་ཅེས་བཤད་པ་རེད།

ཀེ་ཧྲུའུ་ཡིས། 2021ལོར་གསོ་རིག་སྨན་བཅོས་ཐོན་ལས་ཀྱི་འཕར་ཐང་རྒྱུན་མཐུད་ངང་འཕར་ནས་དུས་མཚུངས་ལས་40.9%འཕར་བ་དང་། ཆ་འཕྲིན་འཕྲིན་གཏོང་ལག་རྩལ་བཟོ་སྐྲུན་ལས་རིགས་དང་ཁོར་ཡུག་སྲུང་སྐྱོང་ཐོན་ལས་དུས་མཚུངས་ལས་18.1%དང་17.5%སོ་སོར་འཕར་བ། ཚེ་སྲོག་བདེ་ཐང་དང་། གྲངས་འཛིན་དཔལ་འབྱོར། “ཐཱན་གཉིས”ཀྱི་དམིགས་ཚད་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2021ལོར་ཁེ་བེད་བདག་ཐོབ་མང་འདུས་ཅན་གྱི་ཐོན་ལས་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གྱི་ནང་ངོས་གཏོང་སྒོས་ཚོང་གཉེར་ཡོང་འབབ་ཀྱི་2.3%བཟུང་བ་དེ་ཁེ་བེད་བདག་ཐོབ་མང་འདུས་ཅན་མིན་པའི་ཐོན་ལས་ཀྱི་ལྡབ་2.3ཡིན་པ་དང་། ལས་ཞུགས་མི་སྣ་ཁྲི་རེའི་ཁྲོད་ཞིབ་འཇུག་གསར་སྤེལ་མི་སྣ་981ཟིན་པ་དེ་ཁེ་བེད་བདག་ཐོབ་མང་འདུས་ཅན་མིན་པའི་ཐོན་ལས་ཀྱི་ལྡབ་1.8ཡིན་པ་རེད།