《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年09月25日

ལིང་ནན་ནགས་ཚལ་ཁྲོད་ཀྱི“སྐལ་བཟང་མེ་ཏོག”

པད་ལྷ་ཆོས་སྒྲོན་ནི“95ནང་སྐྱེས”ཀྱི་བོད་རིགས་བུ་མོ་ཞིག་ཡིན་པ་དང་ཕ་ཡུལ་བོད་ལྗོངས་ཉིང་ཁྲི་སྤོ་བོ་རྫོང་ནས་ཡིན། 2020ལོའི་ཟླ་5པར་ཀོང་ཏུང་ཞིང་ཆེན་ནགས་ལས་བརྟག་དཔྱད་འཆར་འགོད་ཁང་དུ་ལས་ཀ་བྱས། ཁོང་གིས་རྟག་ཏུ་ལས་རོགས་དང་མཉམ་དུ་ལིན་ནན་གྱི་ནགས་ཚལ་ཁྲོད་དུ་བསྐྱོད་དེ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་ཐད་གྲངས་གཞི་མཁོ་འདོན་བྱེད་ཀྱི་ཡོད།

↑ འདི་ནི་ཟླ་9ཚེས་22ཉིན་ཀོང་ཏུང་ཧྲའོ་ཀོན་ལེ་ཁྲང་གྲོང་ཁྱེར་ཀྲང་ཤིས་གྲོང་ཚོའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་པད་ལྷ་ཆོས་སྒྲོན(དཀྱིལ)དང་དགེ་རྒན་ཅང་ཅན་ཧྥ(གཡོན)དང་དེ་བཞིན་ལས་རོགས་ཝུའུ་གོ་ཆིང་གིས་སྒྲིག་ཆས་བཀོལ་སྤྱོད་བྱེད་བཞིན་པ།

← འདི་ནི་ཟླ་9ཚེས་22ཉིན་ཀོང་ཏུང་ཧྲའོ་ཀོན་ལེ་ཁྲང་གྲོང་ཁྱེར་ཀྲང་ཤིས་གྲོང་ཚོའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་པད་ལྷ་ཆོས་སྒྲོན་གྱིས་མཉེན་ཆས་ཀྱི་གྲངས་གཞིར་ལྟ་བཞིན་པ།