《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年06月29日

ཏང་ཡོན་གྱི་རོགས་འདེགས་ཐད་གཏོང་ཁང་གིས“བདུན་གཅིག་བསུ”ཞེས་པའི་བརྗོད་དོན་གཙོ་བོའི་ཐད་གཏོང་འགོ་བཙུགས་པ།

“བདུན་གཅིག”འཆར་ཉེའི་མཚམས་སུ་ཀྲེ་ཅང་ཞིང་ཆེན་ཅ་ཤིན་གྲོང་ཁྱེར་ནན་ཧུའུ་ཆུས་ཏུང་ཧྲན་སྲང་ལམ་གྱིས། ཁོངས་གཏོགས་ཁུལ་གྱི་དྲ་སྦྲེལ་ཁེ་ལས་སྒྲིག་འཛུགས་བྱས་ནས“ཏང་ཡོན་གྱི་རོགས་འདེགས་ཐད་གཏོང་ཁང”དུ“ཕུགས་འདུན་དོན་དུ་གཉེར། བདུན་གཅིག་དགའ་བས་བསུ”ཞེས་པའི་བརྗོད་དོན་གཙོ་བོའི་ཐད་གཏོང་བྱེད་སྒོ་སྤེལ་ཏེ། ས་གནས་དེ་གའི་གསར་བརྗེའི་ཡུལ་སྐོར་ཐོན་རྫས་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས། གསར་བརྗེའི་རིག་གནས་གསར་གཏོད་ཐོན་རྫས་བཅས་བཤམས་ནས་ཅ་ཤིན་གྱི་གསར་བརྗེའི་རིག་གནས་ཡུལ་སྐོར་དང་གསར་བརྗེའི་རིག་གནས་གསར་གཏོད་ཐོན་རྫས་ཁྱབ་སྤེལ་གཏོང་རོགས་བྱས་པ་རེད། འདི་ནི་ཏང་ཡོན་དང་བླངས་པས“ཏང་ཡོན་གྱི་རོགས་འདེགས་ཐད་གཏོང་ཁང”དུ་གསར་བརྗེའི་ཡུལ་སྐོར་ལམ་ཐིག་དང་གསར་བརྗེའི་རིག་གནས་གསར་གཏོད་ཐོན་རྫས་འོས་སྦྱོར་བྱེད་བཞིན་པ།