《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年06月29日

མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་སྒོ་རའི་ཏང་གི་སློབ་ཚན།

འདི་ལོ་ནས་བཟུང་། གཞི་རིམ་ཏང་ཡོན་ཁ་ཐོར་ཡིན་པ་དང་སློབ་སྦྱོང་བྱེད་སྟངས་རྐྱང་པ་ཡིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་ཀྱིས“སྒོ་རའི་ཏང་གི་སློབ་ཚན”དང“སྐོར་སྐྱོད་སློབ་ཁང”སོགས་ཀྱི་བྱེད་ཐབས་གཙོ་བོ་བཏོན་ནས་ཏང་གི་སློབ་ཚན་འཚོགས་ཡུན་བཀོད་སྒྲིག་ལུགས་མཐུན་དང་ཏང་གི་སློབ་ཚན་འཚོགས་ས་གང་ལ་དེ་འཚམ་གྱིས་བདམས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་གི“མཐའ་མའི་འགག་གནད”མཉམ་ཤུགས་གཅིག་སྒྲིལ་གྱིས་བསལ་ནས་ཏང་གི་སློབ་ཚན་མང་ཚོགས་དང་འབྲེལ་འདྲིས་དེ་བས་ཐུབ་ལ་དེ་བས་གསོན་ཤུགས་ལྡན་པར་བྱས་ཤིང་། འདི་ནི་ཉེ་ཆར་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་ལེང་ཐེན་གྲོང་རྡལ་ཤིང་ཡོན་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་སྒོ་རའི་ཏང་གི་སློབ་ཚན་འཚོག་བཞིན་པ།