《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年05月19日

སྒོར་དུང་ཕྱུར་10.9བཏང་ནས་མཚོ་སྔོན་གྱི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་ཁོར་ཡུག་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་ས་ཁོངས་ཀྱི་རི་ཆུ་ནགས་ཞིང་མཚོ་དང་རྩྭ་བཅས་ཀྱི་སྲུང་སྐྱོང་དང་སླར་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི་2022ལོའི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཆེད་སྤྱོད་ཀྲུང་དབྱང་གི་སྔོན་རྩིས་ཁག་དང་པོའི་མ་དངུལ་སྒོར་དུང་ཕྱུར་10.9བཏང་སྟེ། ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་རྩྭ་གསོ་ཁུལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། གསེར་ཆེན་གཤོང་སའི་བྱེ་ས་འགོག་བཅོས་དང་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། རྨ་ཆུ་དང་ཙོང་ཆུ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་སོགས་གཙོ་གནད་རྣམ་གྲངས་3ལག་བསྟར་བྱས་པ་རེད།

ཤེས་རྟོཌ་བྱུང་བར་གཞིཌ་ན། ད་ཐེངས་གཤམ་སྤྲོད་བྱས་པའི་ཀྲུང་དབྱང་གི་སྔོན་རྩིས་ཀྱི་མ་དངུལ་ནི《རྒྱལ་ཡོངས་ཀྱི་གཙོ་གནད་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོའི་གཙོ་གནད་ལས་གྲྭའི་སྤྱིའི་འཆར་འགོད(2021ནས་2035ལོ་བར)》དང《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་ཡོལ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་གཙོ་གནད་ལས་གྲྭ་འཛུཌ་སྐྲུན་འཆར་འགོད(2021ནས་2035ལོ་བར)》སོཌ་ཆེད་དོན་འཆར་འགོད་དང་ལས་གྲྭ་འཛུགས་སྐྲུན་གྱི་དོན་དངོས་དགོས་མཁོ་དང་ཟུང་འབྲེལ་བྱས་ཡོད། མིག་སྔར་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་རིམས་དབྱེ་དམ་འཛིན་བྱས་ཏེ་རྒྱལ་ཁབ་ཀྱི་མ་དངུལ་འཆར་གཞི་གཤམ་སྤྲོད་བྱེད་པ་དང་འབྲེལ། འབྲེལ་ཡོད་ཚན་པར་ལོ་འཁོར་གྱི་ཐོག་མའི་འཆར་འགོད(ལས་ཀ་ཇུས་འགོད)དང་ཞིབ་བཤེར་ཆོག་མཆན་ཞུ་བའི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་བ་དང་ལས་གྲྭ་ཁག་ལག་བསྟར་བྱེད་པར་མཛུབ་ཁྲིད་བྱེད་བཞིན་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)