《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年05月19日

བོད་ཀྱིས་དངུལ་རྩའི་བྱ་ཐབས་ཁག་16བཏོན་ནས་ཁེ་ལས་བརྟན་པོ་དང་དཀའ་ངལ་བསལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་16ཉིན་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་རྒྱལ་ཁབ་ཕྱི་དངུལ་ཅུས་བོད་ལྗོངས་ཡན་ལག་ཅུས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་དངུལ་རྩས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཁེ་ལས་བརྟན་པོ་དང་དཀའ་ངལ་སེལ་བར་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་དང་། བྱ་ཐབས་ཁག་16ཞིབ་ཚགས་སུ་བཏང་སྟེ། དངུལ་རྩས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྔར་བས་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།

ཡིད་རྟོན་དངུལ་བུན་གྱི་བསྡོམས་འབོར་འགན་ལེན་ལ་དམིགས་ཏེ། 《བསམ་འཆར》ནང་། དངུལ་བུན་ཡང་བསྐྱར་གཏོང་བ་དང་ཡང་བསྐྱར་སྔ་འདོན་བྱེད་པའི་དངུལ་གྲངས་གཉེར་སྐྱོང་བརྟན་པོ་དང་། ལྟ་འདོམས་ཚད་མཐུན། ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཀྱི་དངུལ་བུན་འཕར་ཚད་ཅུང་མཐོ་བ་བཅས་ཀྱི་དངུལ་རྩའི་སྒྲིག་གཞིར་གཙོ་གནད་དུ་ཕྱོགས་རྒྱུ་དང་། 2022ལོ་ནས་2023ལོའི་ཟླ་6པའི་ཟླ་མཇུག་བར། ཆ་རྐྱེན་དང་མཐུན་པའི་ས་གནས་ཀྱི་ཁྲིམས་མིའི་དངུལ་ཁང་ལ་བཏང་བའི་ཀུན་ཕན་དངུལ་བུན་ཆུང་ཕྲན་དེ་དངུལ་ལྷག་འཕར་ཚད་ཀྱི་1%གཞིར་བཟུང་བྱ་དགའི་དངུལ་སྤྲད་དེ་ཁྲོམ་རའི་བྱེད་པོ་ཕྲན་ཚེགས་ཀྱི་འཕེལ་རྒྱས་ལ་རམ་འདེགས་ཟམ་མི་ཆད་པ་བྱེད་དགོས་ཞེས་བཏོན་ཡོད།

“དོན་ཆེན་བཞིའི”གཙོ་གནད་ཁྱབ་ཁོངས་ཀྱི་ཞབས་འདེགས་ལ་དམིགས་ཏེ། 《བསམ་འཆར》ནང་། དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་རྒྱུན་མཐུད་དང་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་དབྱང་དངུལ་ཁང་གི་མ་དངུལ་དེ་བས་མང་བ་མཐའ་མཚམས་ས་ཁུལ་ལ་ཕྱོགས་པ་བཅས་བྱས་ནས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་མཐའ་མཚམས་ས་ཁུལ་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་འདེགས་སྐྱོར་བྱེད་རྒྱུ་དང་། དངུལ་རྩའི་སྒྲིག་གཞིས་ཐཱན་ཕྱིར་འབུད་ཉུང་གཏོང་གི་རྒྱབ་སྐྱོར་བྱ་ཐབས་དང་ཚན་རྩལ་གསར་གཏོད་ཀྱི་དངུལ་བུན་བསྐྱར་མ་གཏོང་བ་སོགས་ཀྱི་སྲིད་ཇུས་ཡག་པོ་སྤྱོད་པར་བསྔགས་སྐུལ་བྱས་ཏེ། འབྱུང་འཕྲོད་ཐཱན་ཉུང་ཕྱོགས་སྒྱུར་དང་ཚན་རྩལ་གསར་གཏོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་ཆེ་རུ་འོས་འཚམ་གཏོང་དགོས་ཞེས་བཏོན་ཡོད།

དཀའ་ངལ་འཕྲད་པའི་བྱེད་པོའི་དཀའ་སེལ་དཀའ་སྒྲོལ་ལ་དམིགས་ཏེ། 《བསམ་འཆར》ནང་། ཁྱད་པར་ཅན་གྱི་དངུལ་རྩའི་ཞབས་འདེགས་ཞུ་ཐབས་མཁོ་འདོན་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་མི་ཚོགས“རིགས་བཞིར”དུས་འགྱངས་ཡིད་རྟོན་ཟིན་འགོད་ཞུ་འབུལ་ལེགས་སྒྲིག་ལུགས་མཐུན་བྱེད་པ་དང་། འབྲེལ་ཡོད་དུས་འགྱངས་ཀྱི་དངུལ་བུན་དུས་འགྱངས་ཟིན་འགོད་ཞུ་འབུལ་མ་བྱས་ན་འགྲིག ཞུ་འབུལ་ཟིན་རིགས་ལེགས་སྒྲིག་བྱེད་དགོས། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་དང་། དྲ་ཐོག་ཚོང་ཁང་གི་སྦྱིན་བདག ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་སོགས་སྐབས་བསྟུན་ལས་ཞུགས་ཐུབ་མཁན་བྱེད་པོས་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་ཕྲན་ཚེགས་ཁེ་ལས་ཀྱི་སྦྱིན་བདག་དང་བསྡུར་ནས་དེའི་གཉེར་སྐྱོང་རང་བཞིན་གྱི་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་རྒྱལ་མཚམས་སྒྲོལ་བའི་མ་དངུལ་ལ་དམིགས་ནས《བསམ་འཆར》ནང་། དགོས་མཁོ་དངོས་འབྲེལ་ཡོད་པའི་ཁེ་ལས་ཀྱི་རྒྱལ་མཚམས་སྒྲོལ་བའི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ལ་གཞིགས་ནས། “གནས་ནས་གནས་བར”གྱི་ཞབས་འདེགས་ཞུ་ཐབས་སྤྱད་དེ། ཉེན་ཁ་ལུགས་མཐུན་ངང་ཚོད་འཛིན་བྱེད་པའི་རྨང་གཞིའི་ཐོག་ཁེ་ལས་ལ་རྒྱལ་མཚམས་སྒྲོལ་བའི་མ་དངུལ་བསྡུ་སྒྲིལ་གྱི་ལས་ཕྱོད་ཆེ་རུ་གཏོང་བར་གཞོགས་འདེགས་བྱེད་དགོས་པ་དང་། བོད་ཀྱི་ས་ཁོངས་ཀྱི་ཀུང་སི་ཨ་མས་ས་ཁོངས་ཕྱི་རོལ་གྱི་ཡན་ལག་ཀུང་སིར་ས་ཁོངས་ཕྱི་རོལ་གྱི་དངུལ་བུན་རྣམ་པའི་བྱེད་སྟངས་སྤྱད་ནས་བཏང་བའི་རིམས་ནད་ཀྱི་དཀའ་གནད་སེལ་བའི་མ་དངུལ་ལ་གནས་ཚུལ་ངོ་མ་ཞིབ་བསྡུར་གཏན་འཁེལ་བྱས་རྗེས། ས་ཁོངས་ནང་གི་ཀུང་སི་ཨ་མའི་བདག་དབང་ཡོད་མིའི་ཁེ་དབང་གི་50%ཡི་གྲངས་བཅད་ནང་ཁུལ་དུ་སྲིད་འཛིན་ཆོག་འཐུས་འགྲོ་ལུགས་མགྱོགས་མྱུར་གཉེར་ཆོག་པ་བཏོན་ཡོད།

སྤྱི་ཚོགས་སྤྱི་དམངས་ཀྱི་དངུལ་རྩའི་ཞབས་འདེགས་ལ་དམིགས་ནས《བསམ་འཆར》ནང་། རིམས་ནད་ཐོན་རིང་ཡིད་རྟོན་ཉམས་ཞིབ་ཀྱི་ཞབས་འདེགས་ཞུ་མཚམས་མི་འཇོག་པའི་འགན་ལེན་བྱས་ནས། སྤྱི་ཚོགས་སྤྱི་དམངས་ལ“རེག་ཐུག་མེད་པའི”བྱ་ཐབས་བརྒྱུད་ཡིད་རྟོན་ཉམས་ཞིབ་ཀྱི་འདྲི་རྩད་ལས་སྒོ་གཉེར་བར་ཁྲིད་སྟོན་དང་བསྔགས་སྐུལ་ཧུར་ཐག་བྱེད་དགོས་པ་དང་། མ་དངུལ་གཏོང་སྤྲོད་ཀྱི“ཐོགས་མེད་བགྲོད་ལམ”ཤར་གཏོང་དང་། རིམས་འགོག་མ་དངུལ་གཏོང་སྤྲོད་ཀྱི“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏོང་སྤྲོད་ཞབས་འདེགས་འགན་ལེན་གྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་བྱས་ཡོད།

(ཚེ་ལྷས་བསྒྱུར། པ་ཚེས་ཞུས)