《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年05月19日

གནའ་བོའི་སྦྲང་གསོ་ལས་ཞིང་ཁྱིམ་ཕྱུག་པོར་གྱུར།

ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཙན་ཧོང་རྫོང་གིས་རི་རྒྱ་ཆེན་པོ་དང་སྦྲང་རྩིའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་པར་སྡོང་རྒན་ནང་སྦྲང་བུ་གསོ་ཚགས་བྱེད་པར་ཁྲིད་སྟོན་བྱས་པ་མ་ཟད། སྲོལ་རྒྱུན་གྱི་ལག་རྩལ་སྤྱད་ནས་སྦྲང་རྩི་སྙོལ་བཟོ་བྱས་ཏེ་སྡོང་རྒན་ཁོག་སྟོང་ནང་ཡུལ་སྦྲང་གསོ་ཐབས་རྒྱུན་འཛིན་ཐུབ་པ་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྫོང་དེས་ཡུལ་སྦྲང་ཁྲི་5གསོ་ཚགས་བྱས་ནས་རི་ཁུལ་གྱི་ཞིང་པ་དུད་ཚང་1260ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། འདི་ནི་ཟླ་5ཚེས་17ཉིན་ཙན་ཧོང་རྫོང་ཀྲང་ཧྲེ་ཡན་གྲོང་རྡལ་ཞ་ཏ་ཧྥན་གྲོང་ཚོར་སྦྲང་གསོའི་ཞིང་པས་སྦྲང་ཚང་ནས་སྦྲང་རྩི་ལེན་བཞིན་པ།