《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ཟི་ལིང་གིས་བྱེད་ཐབས་སྣ་མང་སྤྱད་དེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་བཟོ་སྐྲུན་ལས་རིགས་ཀྱི་མཐོ་ས་གཏོད་བཞིན་ཡོད་པ།

ཟི་ལིང་གིས་བྱེད་ཐབས་སྣ་མང་སྤྱད་དེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་

བཟོ་སྐྲུན་ལས་རིགས་ཀྱི་མཐོ་ས་གཏོད་བཞིན་ཡོད་པ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས《ཟི་ལིང་གྲོང་ཁྱེར་གྱིས་མཚོ་སྔོན་གྱི་རྒྱལ་ཁབ་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་གཏོད་པའི་ལས་འགན་ལག་བསྟར་དོན་འཁྱོལ་བྱེད་པའི་ཁག་བགོས་ཇུས་གཞི》བཀྲམ་སྟེ། རིགས་ཆེ་བ་དྲུག་དང་ཕྱོགས་25ཡི་འཛུགས་སྐྲུན་ལས་འགན་ཁ་གསལ་བཟོས་ཏེ་ནུས་རྒྱུའི་གྲུབ་ཆ་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་བཟོ་སྐྲུན་ལས་རིགས་ཀྱི་མཐོ་ས་ཕྱོགས་ཡོངས་ནས་བསྐྲུན་ནས་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། ཐཱན་ཚད་མཐོ་ཤོས་ཀྱི་དམིགས་ཚད་སྔོན་ལ་མངོན་འགྱུར་དང་ཐཱན་ཚད་སྙོམ་སྦྱོར་གྱི་དཔེ་སྟོན་ཁུལ་གཏོད་རིང་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པ་དང་མདུན་གྲལ་དུ་སླེབས་པ་བྱེད་བཞིན་ཡོད།

ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆ་དང་ལིས་གློག་ནུས་རྒྱུ་གསོག་འཇོག་དང་། འོད་ཤུགས་བཟོ་སྐྲུན། རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་གསར་པ་བཅས་ཀྱི་ཐོན་ལས་རྨང་གཞིར་བརྟེན་ནས། ཟི་ལིང་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ཀྱིས་ནུས་རྒྱུ་གསར་པའི་ཐོན་ལས་རིམ་སྤོར་ལ་རམ་འདེགས་བྱས་ཏེ། འོད་ཤུགས་བཟོ་སྐྲུན་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་ལིས་གློག་ནུས་རྒྱུ་གསོག་འཇོག་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཏེ་འོད་ཤུགས་བཟོ་སྐྲུན་ཐོན་ལས་ཀྱི་ཁྱུ་ཚོགས་སྟོབས་ཆེར་གཏོང་བ་དང་ལིས་གློག་ནུས་རྒྱུ་གསོག་འཇོག་ཐོན་ལས་ཀྱི་ཁྱུ་ཚོགས་ལེགས་སུ་བཏང་ནས། སྔོན་དཔག་བྱས་ན་2030ལོར་སླེབས་སྐབས། རྒྱལ་སྤྱིའི་ལེགས་ཆ་ལྡན་པའི་འོད་ཤུགས་བཟོ་སྐྲུན་ཐོན་ལས་རྟེན་གཞི་དང་རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་ལིས་གློག་ཐོན་ལས་ཀྱི་མཐོ་ས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་འབྲེལ། རྒྱུ་ཆ་གསར་པའི་ཐོན་ལས་ཁྱུ་ཚོགས་སྟོབས་ཆེར་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། དུང་ཕྱུར་སྟོང་རིམ་པའི་རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་གསར་པའི་ཐོན་ལས་ཁྱུ་ཚོགས་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་རེད།