《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ཆི་ལིར་ལོ་གསུམ་ནས་ལྔ་བར་གྱི་བྱིས་པར་ཁོའོ་ཤིང་ཀུང་སིའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ།

ཚེས་6ཉིན། ཆི་ལིར་ལོ་གསུམ་ནས་ལྔ་བར་གྱི་བྱིས་པར་ཀྲུང་གོའི་ཁོའོ་ཤིང་ཀུང་སིས་ཞིབ་བཟོ་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་འགོ་བཙུགས་ཡོད། ཐོག་མར་རིམས་འགོག་སྨན་ཁབ་རྒྱག་ས་ནི་རིམས་འགོག་ནུས་པ་ཡག་པོ་མེད་པ་དང་རྨང་གཞིའི་ནད་ཡོད་པའི་ལོ་མཚམས་དེའི་བྱིས་པ་རེད། དེ་ཉིན་ཆི་ལིའི་ཙུང་ཐུང་ཕི་ཡེ་ལ་ཡིས་རྒྱལ་ས་སན་ཐེ་ཡ་ཀོར་རིམས་འགོག་སྨན་ཁབ་རྒྱག་འགོ་ཚུགས་པའི་མཛད་སྒོར་ཞུགས་སྐབས་ཁོའོ་ཤིང་ཀུང་སིའི་རིམས་འགོག་སྨན་ཁབ་བདེ་འཇགས་ལྡན་ལ་ཕན་འབྲས་ཆེ་བས་ཆི་ལིའི་ལོ་གསུམ་ནས་ལྔ་བར་གྱི་བྱིས་པ་ཁྲི་70ལ་ཉེ་བར་སྲུང་སྐྱོབ་ཐུབ་རྒྱུ་རེད། ཆི་ལིའི་སྤྱི་པའི་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་ཟླ་11ཚེས་25ཉིན་ཁོའོ་ཤིང་གི་ཏོག་གསར་རིམས་འགོག་སྨན་ཁབ་ལོ་གསུམ་ནས་ལྔ་བར་གྱི་བྱིས་པར་མགྱོགས་མྱུར་རྒྱག་རྒྱུའི་ཆོག་མཆན་སྤྲད་པ་རེད།