《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ཨུ་རུ་སུས“རྟ་རྩེད་ཚོགས་པའི་སྨན་པའི”དགེ་སྒྲུབ་བྱེད་སྒོ་སྤེལ་བ།

ཟླ་12ཚེས་3ཉིན་ནི་འཛམ་གླིང་གི་དབང་པོ་སྐྱོན་ཅན་ཉིན་མོ་ཡིན་ཞིང་། ཧྲེང་པི་ཏེ་པའོ་གྲོང་ཁྱེར་དང་དེ་བཞིན་ཨུ་རུ་སུའི་རྟ་རྩེད་ཚོགས་པ་མང་པོས་ཉིན་དེར་དབང་པོ་སྐྱོན་ཅན་བྱིས་པ་ཚོར་ཆེད་མངགས་རིན་མེད་ཀྱི་རྟ་རྩེད་འཁྲབ་སྟོན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེའི་འཁྲབ་སྟོན་ནི་ཨུ་རུ་སུའི་རྒྱལ་ཁབ་རྟ་རྩེད་ཀུང་སིས་ཨུ་རུ་སུའི་རྒྱལ་ཡོངས་སུ“རྟ་རྩེད་ཚོགས་པའི་སྨན་པའི”སྐོར་སྐྱོད་འཁྲབ་སྟོན་བྱས་པའི་གྲས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་དབང་པོ་སྐྱོན་ཅན་བྱིས་པའི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ནས་ཁོང་ཚོ་སྤྱི་ཚོགས་ཀྱི་བྱེད་སྒོའི་ནང་སྔར་ལས་མང་བ་ཞུགས་རྒྱུའི་འབོད་སྐུལ་བྱེད་རྒྱུ་དེ་རེད།

འདི་ནི་འཁྲབ་སྟོན་པས་ཨུ་རུ་སུའི་ཧྲེང་པི་ཏེ་པའོ་རྒྱལ་བཙུགས་རྟ་རྩེད་ཁང་དུ་རྟ་རྩེད་འཁྲབ་སྟོན་བྱེད་བཞིན་པ།