《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ཀོང་ཤིས་ཀྱིས་དབུལ་སྒྲོལ་མི་འབོར་ལ་གྲངས་འབོར་ཉུང་བའི་དངུལ་བུན་གཏོང་བ་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགན་བཅོལ་ཁྱབ་གདལ་བཏང་བ།

འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཀོང་ཤིས་ཀྱི་ནོར་ཁྲལ་དངུལ་རྩའི་སྒྱུར་བཅོས་ཟབ་ཏུ་བཏང་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཟླ་བཅུ་པའི་ཟླ་མཇུག་བར། ཀོང་ཤིས་ཀྱི་དབུལ་སྒྲོལ་མི་འབོར་ལ་གྲངས་འབོར་ཉུང་བའི་དངུལ་བུན་བཏང་བའི་ལྷག་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་155.81ཟིན་ནས་དངུལ་བུན་གཏོང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ལོ་ཧྲིལ་པོར་གྲངས་འབོར་ཉུང་བའི་དངུལ་བུན་གསར་པ་གཏོང་ཚད་སྒོར་དུང་ཕྱུར་35.98ཟིན་ནས་ཞིང་དུད་ཁྲི་34.93ལ་ཐོན་སྐྱེད་འཕེལ་རྒྱས་གཏོང་རོགས་བྱས་ཡོད།

ཀོང་ཤིས་ཀྱིས་དབུལ་སྒྲོལ་མི་འབོར་ལ་གྲངས་འབོར་ཉུང་བའི་དངུལ་བུན་གཏོང་བའི་སྲིད་ཇུས་རྒྱུན་མཐུད་ཐུབ་པར་སྐུལ་འདེད་བཏང་བ་དང་ནོར་སྲིད་ཀྱི་གྲངས་ཚང་སྐྱེད་གསབ་སྤྱད་དེ་བར་བརྒལ་དུས་སྐབས་རིང་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ལ་འགྱུར་ལྡོག་མི་འགྲོ་བའི་འགན་ལེན་བྱས་ནས་དངུལ་བུན་གཡར་མཁན་དུད་ཚང་ཚང་མར་དངུལ་བུན་གཏོང་ཐུབ་པ་བྱས་ཡོད། “ནོར་སྲིད་ནས་ཁ་གསབ་ཕྲན་བུ་བྱེད་པ་དང་འགན་བཅོལ་ཆག་ཡང་ཕྲན་བུ་གཏོང་བ”བརྒྱུད་འགན་བཅོལ་དངུལ་ཁ་གསབ་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད། ཟླ་བཅུ་པའི་ཟླ་མཇུག་བར། ཀོང་ཤིས་ཀྱིས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགན་བཅོལ་ས་ཁུལ་དང་གྲོང་ཁྱེར་13ལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་དབུལ་སྒྲོལ་མི་འབོར་ཁྲི་24.76ལ་ཉེན་ཟོན་འགན་ལེན་གྱི་དངུལ་སྒོར་དུང་ཕྱུར་376.49སྤྲད་པ་དང་རིམ་རྩིས་བྱས་ན་སྐྱིན་གསབ་དངུལ་སྒོར་ཁྲི་90.15བྱས་ཡོད་པ་རེད།