《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ཁྲུང་ཆིང་ཡིའུ་དབྱང་གི་ཧོ་ཝན་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་བྱས་པ།

↑ཧོ་ཝན་སྲོལ་རྒྱུན་གྲོང་ཚོ། ཁྲུང་ཆིང་གྲོང་ཁྱེར་ཡིའུ་དབྱང་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་ཧོ་ཤིས་གྲོང་རྡལ་ཁྲང་ཐན་གྲོང་ཚོའི་རུ་ཁག་ལྔ་པར་གནས་ཡོད། གྲོང་ཚོ་དེའི་བཟོ་བཀོད་མང་པོ་ལས་ཐུའུ་ཅ་རིགས་ཀྱི་རི་གྲོང་ཆ་ཚང་ཞིག་གྲུབ་ཡོད། བཟོ་བཀོད་དེ་དག་རི་བོའི་འདབས་ནས་སྤྱིའི་བཀོད་པ་ལུགས་དང་མཐུན་པར་ཤར་ལྷོར་ཕྱོགས་ནས་བསྐྲུན་ཡོད་ཅིང་ཁྱོན་ཤིང་ཁང་82ཡོད་པ་དེ་དག་ཚང་མ་ས་གནས་དེ་གའི་ཐུའུ་ཅ་རིགས་ཀྱི་མང་ཚོགས་ཀྱི་སྡོད་ཁང་ཡིན་ལ་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་20000ལྷག་ཡོད་པ་རེད།

འདི་ནི་2021ལོའི་ཟླ་12ཚེས་3ཉིན་མི་མེད་གནམ་གྲུས་པར་བརྒྱབ་པའི་ཁྲུང་ཆིང་གྲོང་ཁྱེར་ཡིའུ་དབྱང་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་ཡིའུ་ཧྲུའེ་ཧོ་གྲོང་རྡལ་གྱི་ཧོ་ཝན་སྲོལ་རྒྱུན་གྲོང་ཚོ་ཡིན་པ།