《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

ཀྲུང་གོ་མི་དམངས་དངུལ་ཁང་གིས་བཅོལ་དངུལ་གྲབས་གསོག་བྱེད་ཚད་དམའ་རུ་བཏང་སྟེ་ཕྱོཌ་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ངང་ཆག་རྒྱུར་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ངང་ཆག་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ་12ཚེས་15ཉིན་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་གྲབས་གསོག་བྱེད་ཚད་བརྒྱ་ཆའི་གྲངས་0.5དམའ་རུ་གཏོང་རྒྱུའི(བཅོལ་དངུལ་གྲབས་གསོག་བྱེད་ཚད་5%ལག་བསྟར་བྱས་ཟིན་པའི་དངུལ་རྩའི་སྒྲིག་གཞི་ཚུད་མེད)གཏན་འཁེལ་བྱས་པ་རེད། ད་ཐེངས་བཅག་རྗེས་དངུལ་རྩའི་སྒྲིག་གཞིའི་རྩིས་བསྐོར་ཆ་སྙོམས་བཅོལ་དངུལ་གྲབས་གསོག་བྱེད་ཚད་8.4%ཟིན་རྒྱུ་རེད།

མི་དམངས་དངུལ་ཁང་གི་འབྲེལ་ཡོད་འགན་འཁུར་བས། ད་རེས་ཚད་གཞི་དམའ་རུ་གཏོང་བའི་དམིགས་ཡུལ་ནི་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། དངུལ་རྩའི་སྒྲིག་གཞིའི་མ་དངུལ་གྲུབ་ཆ་ལེགས་སུ་གཏོང་བ། དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་དེ་བས་ལེགས་པ་བྱ་རྒྱུ་བཅས་ཡིན་ཞིང་། གཅིག་ནས་འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོད་པ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་དངུལ་རྩའི་སྒྲིག་གཞིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་དུས་ཡུན་རིང་ལ་བརྟན་པའི་མ་དངུལ་གྱི་ཡོང་ཁུངས་འདང་ངེས་ཡོང་བ་བྱས་ཏེ། དངུལ་རྩའི་སྒྲིག་གཞིའི་མ་དངུལ་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ་དང་། གཉིས་ནས་དངུལ་རྩའི་སྒྲིག་གཞིས་བཅོལ་དངུལ་གྲབས་གསོག་གི་ཚད་གཞི་དམའ་རུ་བཏང་བའི་མ་དངུལ་སྤྱད་དེ་དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ། གསུམ་ནས་ད་རེས་དམའ་རུ་བཏང་བའི་དངུལ་རྩའི་སྒྲིག་གཞིའི་མ་དངུལ་གྱི་མ་གནས་ལོ་ལྟར་སྒོར་དུང་ཕྱུར་150ཙམ་ཟིན་ནས་དངུལ་རྩའི་སྒྲིག་གཞིས་བརྒྱུད་སྤྲོད་བྱས་ནས་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་རུབ་ཀྱི་མ་གནས་དམའ་རུ་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད་ཅེས་བཤད་པ་རེད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)