《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月09日

རྨ་ཆུ་རྒྱུག་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྨ་ཆུ་རྒྱུག་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་ལན་ཀྲོའུ་གྲོང་ཁྱེར་དུ་འཚོགས་ཤིང་། སྐབས་འདིའི་གླེང་སྟེགས་ཀྱིས“ལག་གདང་སྦྲེལ་ནས་རྨ་ཆུའི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་སློབ་གསོའི་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་ཆུ་བེད་པུའུ་དང་། སློབ་གསོ་པུའུ། དེ་བཞིན་རྨ་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་སློབ་གསོ་ཐིང་བཅས་ཀྱི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས་པ་དང་། ཚོགས་འདུའི་ཐོག《རྨ་ཆུ་རྒྱུག་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི“ལོ་ལྔ་ཚན་བཅུ་བཞི་པའི”སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི》ཁྱབ་བསྒྲགས་བྱས་པ་རེད།

རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། བཀོད་སྒྲིག སྐུལ་གཏོང་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། རྨ་ཆུ་རྒྱུག་ཁུལ་གྱིས་ཤར་དབུས་ནུབ་བཅས་ས་ཁམས་སྐས་རིམ་ཆེན་པོ་གསུམ་འཕྲེད་བརྒལ་བྱས་ཏེ་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་ས་ཁོངས་གཅིག་ཏུ་འབྲེལ་བ་དང་རིག་གནས་རྒྱུན་གཅིག་ཏུ་ཆགས་ཤིང་། སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་དང་གདིང་ཤུགས་བརྟན་པོ་ཡོད་པ་དང་། སློབ་གསོའི་རྨང་གཞིའི་རང་བཞིན་དང་། སྣེ་ཁྲིད་རང་བཞིན། འདེགས་སྐྱོར་རང་བཞིན་བཅས་ཀྱི་ནུས་པ་ཐུན་མོང་ཐོག་འདོན་སྤེལ་ཡག་པོ་བྱེད་པ། སློབ་གསོ་སྤུས་ཚད་མཐོ་བ་དང་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དེ་རྨ་ཆུ་རྒྱུག་ཁུལ་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཉམ་འདྲེས་ནུས་ལྡན་བྱས་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྨ་ཆུ་རྒྱུག་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་ནུས་ཀྱི་འགན་ལེན་བྱ་རྒྱུ་ནི་ཐུན་མོང་གི་ཆབ་སྲིད་ལས་འགན་དང་དུས་རབས་ཀྱི་འགན་འཁྲི་ཞིག་རེད།