《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月19日

ཇ་རི་གསེར་རིར་གྱུར་པ།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོན་ཁུངས་བསྡུ་སྒྲིལ་དང་མཉམ་ཤུགས་སྐུལ་འདེད་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཇའི་ཐོན་ལས་འཕེལ་རྒྱས་རྟེན་གཞིར་གཞི་ཁྱོན་གྱི་གྲངས་ཚད་མང་དུ་གཏོང་བ་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་བར་གྱི་འགྱུར་ལྡོག་བྱུང་ཡོད། ད་ཆ། ཇའི་ཐོན་ལས་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ཆོས་དང་ཕན་འབྲས་འབུར་དུ་ཐོན་པའི་ཞིང་ལས་ཀྱི་ལེགས་ཆའི་ཐོན་ལས་དང་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ཅུང་ཆེ་བའི་ཞིང་ལས་ཀྱི་གཙོ་ཁྲིད་ཐོན་ལས་དང་ཞིང་པའི་འབབ་འཕར་ལ་སྣེ་ཁྲིད་བྱེད་པའི་དམངས་ཕྱུག་ཐོན་ལས་སུ་གྱུར་ཡོད་པ་རེད། འདི་ནི་ཉིང་ཁྲི་གྲོང་ཁྱེར་ཡིད་འོང་ཇ་རའི་ལས་མིས་ཇ་ལོ་འཐུ་བཞིན་པ།