《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月19日

ཞིང་ནང་མཛེས་ལྗོངས་རབ་ཏུ་མཚར། གྲོང་གསེབ་ཐོན་ལས་དར་ཞིང་རྒྱས།

ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཧུའེ་ཁྲང་རྫོང་གིས་ཏང་འཛུགས་སྐྱོང་གི་ཆ་སྒྲིག་དམ་འཛིན་བྱ་གཞིར་བྱས་ནས“གཞི་རིམ་རྩ་འཛུགས་མཉམ་སྐྲུན་དང་། ཏང་ཡོན་དཔུང་ཁག་མཉམ་སྡོམ། ལས་བྱེད་ཤེས་ལྡན་མི་སྣ་མཉམ་སྐྱོང་། ཏང་འཛུགས་སྐྱོང་གི་ཐོན་ཁུངས་མཉམ་སྤྱོད། གྲོང་གསེབ་དར་རྒྱས་ལ་མཉམ་འདེད”བཅས“མཉམ་སྦྲེལ་ལྔའི”བྱ་ཐབས་བརྒྱུད། ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕར་རྒྱུར་སྣེ་ཁྲིད་དང་འདེགས་སྐྱོར་བྱས་ཡོད། མིག་སྔར། རྫོང་དེའི་ཤང་དང་གྲོང་རྡལ་19ཡི་ཅང་ཤིས་ལྷོ་རྒྱུད་ཀྱི་ཚ་ལུ་མ་དང་ནན་ཀྭ་ཆུང་ངོ་འདེབས་འཛུགས་ལས་རིགས་དང་ཞིང་ལས་ལྟ་སྐོར་སོགས་ཀྱི་ཐོན་ལས་འཁོར་སྦྲེལ་ས་གནས་དེ་གའི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་དང་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོར་གྱུར་ཡོད། འདི་ནི་2021ལོའི་ཟླ་7ཚེས་16ཉིན། ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཧུའེ་ཁྲང་རྫོང་ཀྲོང་ཁོའུ་གྲོང་རྡལ་ཏ་ཕའེ་གྲོང་ཚོའི་སྔོ་ཚལ་དྲོད་ཁང་དང་སྐས་ཞིང་གྲལ་སྟར་འགྲིག་ཅིང་། གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཡིན་པ།