《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月19日

ཕྲུ་གུ་ཆུའི་ནང་མ་དིམ་པ་བྱས་ཏེ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ།

ཉེ་བའི་ལོ་ཤས་རིང་། ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཤིན་ཐན་རྫོང་གིས་ཆུར་མ་ལྷུང་སྔོན་འགོག་བྱ་རྒྱུ་དེ“དམངས་ལ་བྱ་བ་དངོས་སྒྲུབ”པའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། རྫོང་དེའི་ཏཱ་ཕིང་ཐང་གྲོང་རྡལ་ཏཱ་ཧྥེང་ཐའུ་གྲོང་ཚོའི་ཀྲི་པུའུ་ཨུ་ལྷན་གཉིས་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་གཞིས་ལུས་བྱིས་པ་ཕལ་ཆེ་བར་ལྟ་རྟོག་བྱེད་མཁན་མེད་པར་དམིགས་ཏེ། གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་། “རྒན་གྲས་ལྔ”ཡི་མི་སྣ། གྲོང་མི་དང་བླངས་པ་བཅས་མི་ཉི་ཤུ་ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཆུར་མ་ལྷུང་སྔོན་འགོག་གི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང་། དབྱར་གསེང་རིང་དང་བླངས་པ་ཚོས་ཉིན་ལྟར་གྲོང་མི་དང་ཕྲུ་གུ་ཚོར་ཆུར་མ་ལྷུང་སྔོན་འགོག་གི་རྒྱུན་ཤེས་དང་། རང་སྐྱོབ་རྩལ་ནུས། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ཤེས་བྱ་གསལ་འགྲེལ་བྱས་ཏེ་ཁོང་ཚོའི་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་ཉེན་ཟོན་ནུས་པ་ཆེ་རུ་བཏང་ནས་ཕྲུ་གུ་ཚོར་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་གུང་གསེང་ཞིག་གཏོང་རྒྱུ་ཡོང་བར་བྱས་ཤིང་། འདི་ནི་2021ལོའི་ཟླ་7ཚེས་16ཉིན། ཧུའུ་ནན་ཞིང་ཆེན་ཡུང་ཀྲོའུ་གྲོང་ཁྱེར་ཤིན་ཐན་རྫོང་ཏཱ་ཕིང་ཐང་གྲོང་རྡལ་ཏཱ་ཧྥེང་ཐའུ་གྲོང་ཚོའི་ཁྲུང་ལིང་གཙང་འགྲམ་དུ་ཆུར་མ་ལྷུང་སྔོན་འགོག་དང་བླངས་པ་ཚོས་གྲོང་མི་དང་ཕྲུ་གུ་ཚོར་སྲོག་སྐྱོབ་འགྱིག་སྒོར་སྤྱོད་སྟངས་སློབ་བཞིན་པ།