《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月19日

ལོ་སྟོད་དུ་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་བསྐུར་དངོས་དུང་ཕྱུར་493.9ཟིན་ནས་དུས་མཚུངས་ལས་45.8%འཕར་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱི་ལས་སྒོའི་བསྐུར་དངོས་དུང་ཕྱུར་493.9ཟིན་པ་དེ་དུས་མཚུངས་ལས་45.8%འཕར་བ་དང་། ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་4842.1ཟིན་པ་དེ་དུས་མཚུངས་ལས་26.6%འཕར་ཡོད། ཟླ་6པར། རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱི་ལས་སྒོའི་བསྐུར་དངོས་དུང་ཕྱུར་97.4ཟིན་པ་དེ་དུས་མཚུངས་ལས་30.4%འཕར་བ། ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་916.3ཟིན་པ་དེ་དུས་མཚུངས་ལས་15%འཕར་ཡོད།

འདི་ནི་གསར་འགོད་པར་ཚེས་15ཉིན་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བ་ཞིག་རེད། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་བསྡོམས་རྩིས་ལས་མངོན་པར། འདི་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱི་གྲོང་ཁོངས་ལས་སྒོའི་བསྐུར་དངོས་རིམ་རྩིས་བྱས་ན་དུང་ཕྱུར་64.6ཟིན་པ་དེ་དུས་མཚུངས་ལས་14.9%འཕར་བ་དང་། རིམ་རྩིས་བྱས་ན་ཡུལ་གཞན་དུ་ལས་སྒོའི་བསྐུར་དངོས་དུང་ཕྱུར་418.4ཟིན་པ་དེ་དུས་མཚུངས་ལས་52.2%འཕར་བ། རྒྱལ་སྤྱི་དང་། ཤང་ཀང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ལས་སྒོའི་བསྐུར་དངོས་རིམ་རྩིས་བྱས་ན་དུང་ཕྱུར་10.9ཟིན་པ་དེ་དུས་མཚུངས་ལས་43.1%འཕར་ཡོད། ན་ནིང་གི་དུས་མཚུངས་དང་བསྡུར་ན་ཤར་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་བསྐུར་དངོས་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་1.5ཆག་པ་དང་། དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་བསྐུར་དངོས་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་1.6འཕར་བ། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་བསྐུར་དངོས་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.1ཆག་ཡོད།

འདི་ལོའི་ལོ་སྟོད་དུ། རྒྱལ་ཡོངས་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་(སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་ཐད་ཀའི་ལས་གཉེར་ཡོང་འབབ་ཚུད་མེད་པ)རིམ་རྩིས་བྱས་ན་སྒོར་དུང་ཕྱུར་6143.9ཟིན་པ་དེ་དུས་མཚུངས་ལས་22.2%འཕར་བ་དང་། རིམ་རྩིས་བྱས་ན་ལས་སྒོ་བསྡོམས་འབོར་སྒོར་དུང་ཕྱུར་6424.7ཟིན་པ་དེ་དུས་མཚུངས་ལས་34.4%འཕར་ཡོད།