《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月19日

བདེ་ཐང་ཀྲུང་གོའི་བྱ་སྤྱོད་ཀྱིས“གྲུབ་འབྲས་གསལ་ཐོ” ཡོངས་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ལིན་ལིན་དང་ཞུས་ཕུང་ཧང་།

ཚེས་16ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་གྱི་འཕེལ་རིམ་དང་ཕན་འབྲས་ངོ་སྤྲོད་བྱས་པ་མ་ཟད། ལོ་གཉིས་རིང་གི་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ཀྱི་བཀྲག་མདངས་འཚེར་བའི“གྲུབ་འབྲས་གསལ་ཐོ”ཡང་ཡོངས་བསྒྲགས་བྱས་པ་རེད།

2019ལོའི་ཟླ་6པར《བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》བཀྲམ་ནས། རྒྱལ་ཡོངས་སུ་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། བདེ་ཐང་ཀྲུང་གོའི་བྱ་སྤྱོད་སྐུལ་འདེད་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་འཆར་འགོད་སིའི་སི་ཀྲང་མའོ་ཆུན་ཨན་གྱིས། འདས་ཟིན་པའི་ལོ་གཉིས་ནང་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ཀྱིས་བདེ་ཐང་ཤེས་བྱ་ཁྱབ་གདལ་དང་། ལུགས་མཐུན་གྱི་བཟའ་བཅའ། དམངས་ཡོངས་ཀྱི་ལུས་སྦྱོང་། ཐ་མག་ཚོད་འཛིན། སེམས་ཁམས་བདེ་ཐང་གི་ཡར་སྐུལ་སོགས་ཀྱི་ཆེད་དོན་བྱ་སྤྱོད་15སྒྲིག་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་ཐེ་ཇུས་བྱེད་ཐབས་ནུས་ལྡན་ངང་སྤྱད་པ་དང་ཤེས་དཔལ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ཡོད་ཅེས་ངོ་སྤྲོད་བྱས།

མའོ་ཆུན་ཨན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཉིས་རིང་རང་རྒྱལ་གྱིས་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། བདེ་ཐང་ཞབས་ཞུར་ཤུགས་སྣོན་བརྒྱབ་པས་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་སྲུང་སྐྱོང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། 2020ལོར་རྒྱལ་ཡོངས་སུ་སྦྲུམ་མ་ཤི་ཚད་ཁྲི་16.9/10བར་ཆག་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་5.4‰བར་ཆག་ཡོད། སྙིང་ཁྲག་ཀླད་རྩའི་ནད་དང་། འབྲས་སྐྲན། གཅོང་ནད་རང་བཞིན་གྱི་དབུགས་ལམ་མ་ལག་གི་ནད་སོགས་གཅོང་ནད་ཚབས་ཆེན་དང་དེ་བཞིན་འགོ་ནད་དང་ཡུལ་ནད་སྣ་ཚོགས་ལ་དམིགས་ནས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་ནད་གཞི་ཐོན་ཚད་མང་དུ་འགྲོ་བའི་འཕེལ་ཕྱོགས་བཀག་འགོག་ནུས་ལྡན་བྱས་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་དམག་འཐབ་ལ་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁ་བླངས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་རྒྱལ་ཡོངས་ཀྱི་གྲོང་མིའི་བདེ་ཐང་བྱང་ཚད་23.15%ཟིན་པ་དེའི་ཐོག་ནས་མི་100ཡི་ཁྲོད་མི་23གྱིས་གཞི་རྩའི་བདེ་ཐང་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པ་དེ་2019ལོ་ལས་བརྒྱ་ཆའི་གྲངས་3.98མཐོ་རུ་ཕྱིན་པ་དང་འཕར་ཚད་དེ་ལོ་རིམ་བྱུང་གི་མཐོ་ཤོས་ཡིན་པ་རེད།

བདེ་ཐང་གི་ཤེས་བྱ་ནི་བདེ་ཐང་གི་འཚོ་བའི་གསེར་གྱི་ལྡེ་མིག་ལྟ་བུ་ཞིག་རེད། ཇི་ལྟར་བྱས་ནས་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་སམ། ས་གནས་མང་པོ་ཞིག་གིས་ལས་དོན་དངོས་ཀྱི་ཁྲོད་ནས་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་བྱེད་ཐབས་བཟང་པོ་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་ཡོད།

ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཚའོ་ཧོའུ་ལིང་གིས། མི་སེར་འགུལ་དུ་བཅུག་ནས་བདེ་ཐང་ལ་དོ་དམ་ཚོད་འཛིན་བྱེད་དགོས་ཞེས་བརྗོད་པ་དང་། ཁོང་གིས་སུའུ་ཀྲོའུ་གྲོང་ཁྱེར་གྱིས་བདེ་ཐང་སློབ་གསོའི་མཉམ་བསྒྲགས་ལས་སྟེགས་བཙུགས་ནས། བདེ་ཐང་སྤྱི་ཆིངས་དར་སྤེལ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་བདེ་ཐང་སློབ་གསོ་ཁང་70ལྷག་ཙམ་དང་བདེ་ཐང་གི་བྱེད་སྒོ་སྤེལ་ཡུལ་5700ལྷག་ཙམ་བསྐྲུན་ནས། བདེ་ཐང་ལ་རང་ངོས་ནས་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གློག་རྡུལ་བདེ་ཐང་གི་ཡིག་ཚགས་ལག་ཐོགས་ཁ་པར་གྱི་བཀོལ་སྤྱོད་བརྒྱུད་གྲོང་མིར་སྒོ་མོ་ཕྱེ་ཡོད་ཅེས་བརྗོད།

པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་རིམ་པ་དང་པོའི་སྐོར་གཟིགས་པ་ཀའོ་ཞའོ་ཅུན་གྱིས། མིག་སྔར་པེ་ཅིང་གྲོང་ཁྱེར་གྱི་གྲོང་ཚོ(གྲོང་ལྷན)ཨུ་ལྷན་ཚང་མར་སྤྱི་པའི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཁྱབ་པ་དང་ཆབས་ཅིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ལ་དོ་ཁུར་བྱས་ནས་ཞིང་ཁུལ་13ལ“བདེ་ཐང་སློབ་གསོ་གྲོང་གསེབ་ཏུ་སྤེལ་བའི”བྱ་སྤྱོད་སྤེལ་ཡོད་ཅེས་བརྗོད།

ཅང་ཤིས་ཀྱིས་ཁྱིམ་ཚང་ནས་འགོ་བཙུགས་ཏེ་བདེ་ཐང་གི་གོམས་གཤིས་འཇགས་རྒྱུར་སྐུལ་འདེད་བཏང་ཡོད། ཅང་ཤིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ཝང་ཧྲུའེ་ཕིང་གིས། ཅང་ཤིས་ཀྱིས་བདེ་ཐང་ཁྱིམ་ཚང་གི་སློབ་ཁང་ཆེ་མོ་དང་བདེ་ཐང་ཁྱིམ་ཚང་གི་ཤེས་བྱའི་འགྲན་བསྡུར་ཆེ་མོ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཁྱིམ་ཚང་ཚང་མ་བདེ་ཐང་དང་མི་ཚང་མ་བདེ་ཐང་ཡོང་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅེས་ངོ་སྤྲོད་བྱས།

མའོ་ཆུན་ཨན་གྱིས་གྲོང་མིའི་བདེ་ཐང་གི་བྱང་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་ཡོད་མོད། འོན་ཀྱང་བདེ་ཐང་མིན་པའི་འཚོ་བ་སྐྱེལ་སྟངས་དང་བདེ་ཐང་མིན་པའི་བྱེད་སྤྱོད་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་དཔེར་ན། རྡོ་ཐ་བེད་སྤྱོད་ཀྱི་གནད་དོན་དང་། གཟུགས་པོའི་འགུལ་སྐྱོད་མི་འདང་བའི་གནད་དོན། ལུགས་མཐུན་གྱི་བཟའ་བཅའི་གནད་དོན་བཅས་ནི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ཤ་སྟག་རེད་ཅེས་བརྗོད།