《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

མཚོ་སྔོན་ཞིང་ཆེན་གྱིས་སྒོ་བསྟེན་གྱི་དམིགས་བསལ་ནད་གཞི་དང་གཅོང་ནད་ཀྱི་ཐོབ་ཐང་གཏན་འཁེལ་གོ་རིམ་སྟབས་བདེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་མང་ཚོགས་ཀྱིས་དོ་ཁུར་དང་སེམས་ཁྲལ་བྱེད་པའི་དཀའ་གནད་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་གྱི་དམིགས་བསལ་ནད་གཞི་དང་གཅོང་ནད་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྨན་བཅོས་འགན་བཅོལ་གྱི་སྒྲུབ་གཉེར་ཞབས་ཞུ་ཚད་ལྡན་དང་། ཚད་གཞི་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་རེད།

ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་མི་སྣའི་སྒོ་བསྟེན་གྱི་དམིགས་བསལ་ནད་གཞི་དང་གཅོང་ནད་གཏན་འཁེལ་གྱི་གོ་རིམ་རྙོག་འཛིང་ཆེ་བ་དང་། འགྲོ་འོང་ཐེངས་མང་བྱེད་དགོས་པ། དུས་འཁོར་རིང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་གྱི་དམིགས་བསལ་ནད་གཞི་དང་གཅོང་ནད་ཀྱི་ཐོབ་ཐང་གཏན་འཁེལ་གྱི་ཚད་གཞི་གཅིག་གྱུར་བཟོས་པ་དང་ཆབས་ཅིག གཙོ་གཉེར་སྨན་བཅོས་འགན་བཅོལ་ཡོན་ཀྲང་གི་མིང་རྟགས་དགོས་པ་དང་། སྨན་བཅོས་སྒྲིག་གཞི་2ནས་3བར་གྱི་གནས་གཏན་འཁེལ་གྱི་ཚད་བཀག་ཡོད་པ། ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཚན་པའི་ཞིབ་མཆན་འགོད་པའི་ཐམ་ཀ་དགོས་པ། སྨན་བཅོས་འགན་བཅོལ་གྱི་སྒྲུབ་གཉེར་སྒྲིག་གཞིའི་ངོ་སྤྲོད་ཡི་གེ་དགོས་པ་སོགས་ཀྱི་ལྷུ་ཚིགས་མེད་པར་བཟོས་ནས་སྒོ་བསྟེན་གྱི་དམིགས་བསལ་ནད་གཞི་དང་གཅོང་ནད་གཏན་འཁེལ་གྱི་གོ་རིམ་སྔར་བས་སྟབས་བདེ་རུ་བཏང་སྟེ་སླེབས་རིམ་བཞིན་འཕྲལ་མར་སྒྲུབ་གཉེར་བྱེད་དགོས་པ་བཟོས་པས། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་ཐག་ཉེ་ས་ནས་སྨན་བཅོས་དང་སྨན་རྫས་ཉོ་ཐུབ་པ་བྱུང་ནས། དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་ཐུབ་ཡོད།

(བཀྲ་ཤིས་ཚེ་དབང་གིས་བསྒྱུར། བསོད་ནམས་བདེ་སྐྱིད་ཀྱིས་ཞུས)