《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཀྲུང་གོ་རྒྱལ་སྨན་ཚོགས་པ་དང་ཁོའོ་ཤིན་གྱི་ཏོག་གསར་རིམས་འགོག་སྨན་ཁབ“ཏོག་གསར་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིའི”རིམས་འགོག་སྨན་ཁབ་མཛོད་ནང་བཅུག་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དང་ནད་འགོག་མནའ་འབྲེལ(GAVI)གྱིས་ཚེས་12ཉིན་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས་ཀྲུང་གོ་རྒྱལ་སྨན་ཚོགས་པ་དང་ཁོའོ་ཤིན་ཀུང་སི་སོ་སོ་དང་མངགས་ཉོའི་གྲོས་མཐུན་བཞག་པ་ཁྱབ་བསྒྲགས་བྱས་ཤིང་། དེ་ལས་ཀྲུང་གོ་རྒྱལ་སྨན་ཚོགས་པ་དང་ཁོའོ་ཤིན་གྱི་ཏོག་གསར་རིམས་འགོག་སྨན་ཁབ“ཏོག་གསར་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིའི”(COVAX)རིམས་འགོག་སྨན་ཁབ་མཛོད་ནང་བཅུག་པ་མཚོན་གྱི་ཡོད་པ་དང་འབྲེལ་ཟླ་7པ་ནས་བཟུང་COVAXལ་རིམས་འགོག་སྨན་ཁབ་མཁོ་སྤྲོད་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་སྤྱོད་རྒྱུ་ཡིན་པ་རེད།

COVAXནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དང་ནད་འགོག་མནའ་འབྲེལ་སོགས་ཀྱིས་གཙོ་ཁྲིད་བྱས་པ་ཞིག་ཡིན། གསར་འགྱུར་སྤྱི་བསྒྲགས་ནང་། རིམས་འགོག་སྨན་ཁབ་དེ་གཉིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གང་མགྱོགས་སྤྱོད་པའི་གསལ་ཐོའི་ནང་ཚུད་པར་གཞིགས་ནས་འཕྲལ་མར་COVAXནང་ཞུཌ་མཁན་ཕྱོགས་ཁག་ལ་མཁོ་སྤྲོད་བྱེད་ཆོག་གི་ཡོད་པ་དང་། གྲོས་མཐུན་ལྟར་ན་ཀྲུང་གོའི་ཀུང་སི་དེ་གཉིས་ཀྱིས་འདི་ལོའི་ཟླ་10པའི་ཟླ་མཇུག་གོང་དུ་COVAXལ་ཏོག་གསར་རིམས་འགོག་སྨན་ཁབ་དུང་ཕྱུར་1.1མཁོ་འདོན་བྱེད་པ་དང་ཕྱིས་སུ་དུས་ཡུན་རིང་པོ་རིམས་འགོག་སྨན་ཁབ་མཁོ་སྤྲོད་བྱེད་ཆོག་ཅེས་ངོ་སྤྲོད་བྱས་ཡོད་པ་རེད།