《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཁོང་ཀོ(ཅིན)རུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་ 24པར“ཞི་བདེའི་གཟེངས་རྟགས”ཐོབ་པ།

ཟླ་7ཚེས་12ཉིན་ཁོང་ཀོ(ཅིན)ཡི་པུའུ་ཁ་ཝུའུ་རུ་ཡོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་དམག་སྒར་དུ་འཚོགས་པའི་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟེངས་རྟགས”སྤྲོད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ར་ཙ་ཝེར་ནས་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་ཁོང་ཀོ(ཅིན)རུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་24པའི་དཔོན་དམག་218ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཞི་བདེའི་གཟེངས་རྟགས”སྤྲད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཁོང་ཀོ(ཅིན)བརྟན་ལྷིང་ཆེད་མངགས་ཚོགས་པ(མཉམ་འབྲེལ་རྒྱལ་ཚོགས་བརྟན་ལྷིང་ཆེད་མངགས་ཚོགས་པ)ལྷོ་རྒྱུད་འཐབ་ཁུལ་གྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་མཉམ་འབྲེལ་ཐོག་བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཉིན་དེའི་སྔ་དྲོ་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་སྒར་ཁུལ་དུ་འཚོགས་པ་དང་ཀྲུང་གོ་དང་། ཕ་ཁི་སི་ཐན། ཧིན་རྡུ་ཉི་ཞི་ཡ། ཝུ་ར་ཀུའེ་བཅས་ཀྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་མཛད་སྒོར་ཞུགས་པ་རེད།

གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་བརྟན་ལྷིང་ཆེད་མངགས་ཚོགས་པའི་སི་ལིང་ཀྲུང་ཅང་དམག་དཔོན་མ་ཁོ་སི·ཏེ་ས·ཨ་ཧྥང་སུའོ·ཁོའི་སི་ཐ་ཡིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་ལས་འགན་སྒྲུབ་ཁུལ་གྱི་ལས་དོན་ལ་ཁས་ལེན་བྱས་པ་དང་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་གོའི་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གིས་ལྷོ་རྒྱུད་དམག་འཐབ་ཁུལ་གྱི་སྤྱིའི་ལས་འགན་ལེཌ་སྒྲུབ་བྱ་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་། ཏོག་གསར་གློ་ཚད་རིམས་ནད་གང་སར་མཆེད་པའི་སྐབས་སུའང་ཀྲུང་གོའི་སྨན་བཅོས་ཡན་ལག་རུ་ཁག་གིས་ཞི་བདེ་སྲུང་སྐྱོང་ཡན་ལག་རུ་ཁག་གི་དཔོན་དམག་ཚོར་ཆེད་ལས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་ལས་རིགས་ཀྱི་ཉམས་འགྱུར་ཡག་ཤོས་མངོན་པར་བྱས་ཡོད་ཅེས་བརྗོད།