《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ལོ་སྟོད་དུ་ཀུན་ཕན་ཕྲན་ཚེཌ་ཁེ་ལས་ལ་དངུལ་བུན་བཏང་བའི་འཕར་ཚད་30%ཡན་རྒྱུན་འཁྱོངས་ཐུབ་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཨུའོ་དབྱང་ཅེ།

“དངུལ་ཁང་ལས་རིགས་ཀྱི་འགན་བཅོལ་ལས་རིགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད”ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་བསྡོམས་རྩིས་ཆ་འཕྲིན་དང་ཉེན་ཁ་ལྟ་ཞིབ་ཚད་ལེན་པུའི་ཀྲུའུ་རེན་གཞོན་པ་ལིའུ་ཀྲུང་རུའེ་ཡིས་ངོ་སྤྲོད་བྱས་དོན། འདི་ལོའི་ལོ་སྟོད་དུ་དངུལ་ཁང་ལས་རིགས་ཀྱི་འགན་བཅོལ་ལས་རིགས་ཀྱི་རྒྱུ་ནོར་དང་ལས་སྒོ་གཙོ་བོ་བརྟན་པོའི་ངང་འཕར་བ་དང་། ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་ཐུབ་པ། དངུལ་ཁང་འགན་བཅོལ་སྒྲིག་གཞིའི་བརྟན་པོའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ཟླ་6པའི་ཟླ་མཇུག་ཏུ་དངུལ་ཁང་ལས་རིགས་ཀྱི་ཉེན་བུན་གཏོང་ཚད་1.86%ཟིན་པ་དེ་ལོ་སྟོད་ལས་བརྒྱ་ཆའི་གྲངས་0.08ཆག་པ་དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་མ་དངུལ་གྲབས་གཏོང་ཁྱབ་ཚད་190.3%ཟིན་པ་དེ་ལོ་སྟོད་དང་བསྡུར་ན་བརྒྱ་ཆའི་གྲངས་7.5འཕར་ཡོད།

ལོ་སྟོད་དུ་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་12.76མང་དུ་ཕྱིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་6677འཕར་བ་དང་། དངུལ་ཁང་འགན་བཅོལ་སྒྲིག་གཞིས་བུན་འཛིན་མ་འཇོག་སྒོར་དུང་ཕྱུར་ཁྲི་3.4མང་དུ་བཏང་ནས་དངོས་ཚན་དཔལ་འབྱོར་ལ་ལུགས་མཐུན་གྱི་མ་དངུལ་གྱི་རྒྱབ་སྐྱོར་བྱས་པ་དང་། དངུལ་རྩའི་ཐོན་ཁུངས་དེ་བས་མང་བ་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་བཏང་ཡོད་པ་རེད།

ཁྱབ་ཁོངས་དབྱེ་ནས་བལྟས་ན། ལོ་སྟོད་དུ་ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་འཕར་ཚད་30%ཡན་རྒྱུན་འཁྱོངས་ཐུབ་པ་དང་། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་དངུལ་བུན་དང་ཚན་རིག་ཞིབ་འཇུག་ཞབས་ཞུའི་ལས་རིགས་ཀྱི་དངུལ་བུན་དུས་མཚུངས་ལས་19.3%དང་23.7%སོ་སོར་འཕར་ནས་སྤྱིར་དངུལ་བུན་ཁག་གི་འཕར་ཚད་ལས་མཐོ་བ་ཡོད་པ་རེད། བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་ལོ་སྟོད་ལས་སྒོར་དུང་ཕྱུར་ཁྲི་1.7འཕར་ནས་དུས་མཚུངས་ཀྱི་འཕར་ཚད་དེ་ཟླ་14བསྟུད་མར་བརྒྱ་ཆ་10ཡན་རྒྱུན་འཁྱོངས་ཐུབ་ཡོད། ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་41ལས་བརྒལ་བ་དང་ལྗང་མདོག་ཡིད་རྟོན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་12.52ཟིན་ཡོད། འགན་བཅོལ་ལས་རིགས་ཀྱིས་ཉེན་ཁ་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ལོ་སྟོད་དུ་འགན་བཅོལ་འགན་ལེན་དངུལ་སྒོར་དུང་ཕྱུར་ཁྲི་5276མཁོ་འདོན་བྱས་པ་དེ་དུས་མཚུངས་ལས་31.6%འཕར་བ་དང་། རིམ་རྩིས་བྱས་ན་སྐྱིན་ཚབ་སྒོར་དུང་ཕྱུར་7651སྤྲད་པ་དེ་དུས་མཚུངས་ལས་21.3%འཕར་ཡོད།