《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

2020ལོའི་ཀྲུང་གོའི་མཚོ་འདྲེན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཀྱིས་གོ་ལ་ཧྲིལ་པོའི་མཚོ་འདྲེན་ཉོ་ཚོང་བྱེད་ཚད་ཀྱི་30%བཟུང་བ།

འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྐབས་17པའི་ཀྲུང་གོའི་མཚོ་འགྲུལ་ཉིན་མོའི་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱུང་བར། 2020ལོའི་ཀྲུང་གོའི་མཚོ་འདྲེན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་དུང་ཕྱུར་34.6ཟིན་ནས་གོ་ལ་ཧྲིལ་པོའི་མཚོ་འདྲེན་ཉོ་ཚོང་བྱེད་ཚད་ཀྱི་30%བཟུང་ཡོད།

ཚེས་11ཉིན་ཡོངས་བསྒྲགས་བྱས་པའི《2021ལོའི་ཀྲུང་གོའི་མཚོ་འགྲུལ་ཉིན་མོའི་སྤྱི་བསྒྲགས》ནང་། རང་རྒྱལ་ནི་རྒྱ་མཚོའི་རྒྱལ་ཁབ་ཆེན་པོ་ཡིན་ལ་མཚོ་འདྲེན་གྱི་རྒྱལ་ཁབ་ཆེན་པོ་དང་གྲུ་བཟོའི་རྒྱལ་ཁབ་ཆེན་པོ་ཡང་ཡིན། ཆུ་ཐོག་སྐྱེལ་འདྲེན་དང་། གྲུ་གཟིངས་བཟོ་སྐྲུན། ཉ་ལས་ཐོན་ཚད། གྲུ་པའི་གྲངས་འབོར་སོགས་ཀྱི་སྟོན་གྲངས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས་མཚོ་ཐོག་སྐྱེལ་འདྲེན་གྱི་མཚོ་ལམ་དང་ཞབས་ཞུའི་དྲ་བ་གོ་ལ་ཧྲིལ་པོར་ཁྱབ་པ་མངོན་ཡོད། རང་རྒྱལ་གྱི་ཧ་ལམ་95%ཡི་རྒྱལ་སྤྱིའི་ཉོ་ཚོང་དངོས་ཟོག་མཚོ་འདྲེན་ལ་བརྟེན་གྱི་ཡོད།

གོ་ལ་ཧྲིལ་པོའི་GDP3.3%ཆག་པའི་རྒྱབ་ལྗོངས་འོག 2020ལོའི་གོ་ལ་ཧྲིལ་པོའི་མཚོ་འདྲེན་འཁོར་རྒྱུག་བྱེད་ཚད་1.7%ལས་ཉུང་དུ་ཕྱིན་མེད་པ་དང་། རིམས་འགོག་དངོས་ཟོག་སྐྱེལ་འདྲེན་དང་འབྲེལ་བ་ཟབ་མོ་ཡོད་པའི་གཅིག་སྡུད་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་1.2%ལས་ཉུང་དུ་ཕྱིན་མེད། 2020ལོར་མཚོ་འདྲེན་གྱིས་གོ་ལ་ཧྲིལ་པོའི་ཉོ་ཚོང་བྱེད་ཚད་ཀྱི་བསྡུར་ཚད་85%ནས་86%བར་མཐོ་རུ་ཕྱིན་ཡོད། ཀྲུང་གོ་མཚོ་འདྲེན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ནས་བལྟས་ཚེ། 2020ལོར་6.7%འཕར་ནས་ཏུན་དུང་ཕྱུར་34.6ཟིན་པ་དེ་གོ་ལ་ཧྲིལ་པོའི་མཚོ་འདྲེན་ཉོ་ཚོང་བྱེད་ཚད་ཀྱི་བསྡུར་ཚད་27.1%ནས་30%བར་མཐོ་རུ་ཕྱིན་ཡོད།