《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཉི་ཤར་དུས་སུ་སྐས་ཞིང་ལྷག་པར་མཛེས།

ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ཕོང་དབྱང་རྫོང་ཁོངས་སུ་སྐས་ཞིང་མུའུ་ཁྲི་བརྒྱ་ཙམ་ཡོད་པ་དང་། ཉི་མ་ཤར་སྐབས་རིམ་པ་སྟར་ཆགས་ཀྱི་སྐས་ཞིང་ཆུའི་རྦ་རླབས་བཞིན་ཆིལ་ཆིལ་དུ་གཡོ་བ་ལྟར་ཧ་ཅང་ལྟ་ན་སྡུག་པ་ཞིག་སྣང་།

ལིའུ་ཕན་ཧྲན་རི་བོའི་ཤར་རྒྱུད་དུ་གནས་པའི་ཕོང་དབྱང་རྫོང་བཙུགས་ནས་ལོ་30ལྷག་ཙམ་སོང་རིང་། རྒྱུན་སྲིང་ལྷོད་མེད་ངང་ས་རྒྱུ་ལེགས་བཅོས་དང་། ཆུ་བཅོས། ཤིང་འཛུགས་ནགས་བཟོ། དེ་བཞིན་རི་སྒྱུར་ས་ཞིང་བཟོ་བ་དང་། སྐས་ཞིང་སྐྲུན་པ། རི་རྒྱ་བསྡམས་ནས་ནགས་བཟོ་སོགས“རི་བཅོས་ཆུ་སྒྱུར”གྱི་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་བས་ནགས་ཚལ་ཁྱབ་ཚད་རྫོང་ཐོག་མར་འཛུགས་སྐབས་ཀྱི་3%ནས་མིག་སྔའི་30.6%བར་མཐོ་རུ་ཕྱིན་ཡོད།

འདི་ནི་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་ཕོང་དབྱང་རྫོང་ནས་པར་བླངས་པའི་ཆིང་ཡོན་དབོན་གྱི་སྐས་ཞིང་སྤྱི་གླིང་ཡིན་པ།