《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月16日

ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད》དང་། 《ཞི་ཅིན་ཕིང་གིས་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་བའི་གྲོང་ཚོ་དབུལ་པོའི་དབུལ་ སྒྲོལ་དངོས་བྲིས》 《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》བཅས་ཀྱི་རྒྱ་ཡིག་གི་ཟོར་ལྕིའི་ཡི་གེའི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད》དང་། 《ཞི་ཅིན་ཕིང་གིས་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་བའི་གྲོང་ཚོ་དབུལ་པོའི་དབུལ་སྒྲོལ་དངོས་བྲིས》 《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》བཅས་ཀྱི་རྒྱ་ཡིག་གི་ཟོར་ལྕིའི་ཡི་གེའི་དཔར་མ་ཉེ་དུས་མཉམ་འབྲེལ་དཔེ་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིས་ཤང་ཀང་དང་ཨའོ་མོན་ས་ཁུལ་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད》ཞེས་པའི་ཆེད་དོན་རྩོམ་བསྡུས་དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་པར་བརྟེན། ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད》ཞེས་པའི་རྒྱ་ཡིག་གི་ཟོར་ལྕིའི་ཡི་གེའི་དཔར་མ་དཔེ་སྐྲུན་བྱས་པ་དེ་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་ཀློག་པ་པོ་ཚོས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་ལོ་ངོ་བརྒྱ་ཡི་རིང་རྒྱལ་ཁབ་དང་མི་རིགས་ལ་བྱུང་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་དང་། ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས། ཕུལ་བའི་ལོ་རྒྱུས་ཀྱི་ལེགས་སྐྱེས་བཅས་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུར་ཁྲིད་སྟོན་དང་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་ཀློག་པ་པོས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོའི་གཙོ་འཛིན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བཅས་སྔར་བས་ཤེས་རྟོགས་ཐུབ་རྒྱུར་ཕན་པ་ཐོན་རྒྱུ་རེད།

《ཞི་ཅིན་ཕིང་གིས་བརྟག་ཞིབ་དང་མཛུབ་ཁྲིད་གནང་མྱོང་བའི་གྲོང་ཚོ་དབུལ་པོའི་དབུལ་སྒྲོལ་དངོས་བྲིས》ཞེས་པ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》ཅེས་པ་མི་དམངས་ཉིན་རེའི་ཚགས་པར་ཕྱི་རྒྱལ་དཔར་མས་རྩོམ་འབྲི་བྱ་རྒྱུ་སྒྲིག་འཛུགས་བྱས་པ་དང་ཚོང་དོན་པར་འདེབས་ཁང་གིས་དཔེ་སྐྲུན་བྱས་ཡོད། གསུང་རྩོམ་དེ་གཉིས་ནང་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གཅིག་སྡུད་བྱས་ཡོད་པ་དང་དྲོ་སྐྱིད་ཀྱི་རྣམ་པ་ཟབ་པ་དང་མང་ཚོགས་ཀྱི་སྐྱིད་སྣང་མངོན་གསལ་དོད་པ་དང་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་གྲུབ་འབྲས་དྲིལ་བསྒྲགས་གཏིང་ཟབ་དང་ཕྱོགས་ཡོངས་འབྱོར་འབྲིང་གི་མཛེས་སྡུག་ལྡན་པའི་འཆར་གཞི་དང་འཛམ་གླིང་གི་དོན་སྙིང་མངོན་ཡོད། རྒྱ་ཡིག་གི་ཟོར་ལྕིའི་ཡི་གེའི་དཔར་མ་དཔེ་སྐྲུན་བྱས་པ་དེ་ཐོག་ནས་ཤང་ཀང་དང་ཨའོ་མོན་གྱི་ཀློག་པ་པོའི་ཐུན་མོང་གི་བརྩེ་སེམས་དང་ཐུན་མོང་གི་ཚོར་སྣང་འཕེལ་ཐུབ་པའི་ཁར་ཁོང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་དོན་སྙིང་ཚོར་རྒྱུར་སྣེ་ཁྲིད་ཐུབ་པ་མ་ཟད། ལྟ་ཀློག་བྱེད་པའི་བརྒྱུད་རིམ་ནང་ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་། དགོངས་པའི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས། གསུང་སྒྲའི་སྟོབས་ཤུགས་བཅས་དེ་བས་མྱོང་རོལ་ཡང་ཐུབ་རྒྱུ་རེད།

མིག་སྔར་མཉམ་འབྲེལ་དཔེ་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིས་2021ལོའི་ཤང་ཀང་གི་དཔེ་དེབ་འགྲེམས་སྟོན་ཐོག་རྒྱ་ཡིག་གི་ཟོར་ལྕིའི་ཡི་གེའི་དཔར་མའི་གསུང་རྩོམ་གསུམ་པོ་ཚོགས་པའི་ལོ་འཁོར་གྱི་དཔེ་དེབ་གཙོ་བོར་བྱས་ནས་ཁྱབ་གདལ་གཏོང་རྒྱུ་དང་འབྲེལ་ཡོད་བྱེད་སྒོ་ཇུས་འགོད་བྱས་ཏེ་ཤང་ཀང་གི་ཀློག་པ་པོ་མང་པོས་གསུང་རྩོམ་དེབ་གསུམ་པོ་ཉོ་བ་དང་ལྟ་ཀློག་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་དཔེ་ཚོང་ཁང་150ལྷག་ཙམ་གྱི་དཔེ་སྒྲོམ་ཐོག་གཙོ་བོ་གསུང་རྩོམ་གསུམ་པོ་སྒྲིག་གཤོམ་བྱས་པ་དང་མཉམ་འབྲེལ་དཔེ་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིའི་གཤམ་འོག་གི་རིག་གནས་དྲ་ཐོག་ཚོང་ཁང་ལས་སྟེགས་ཀྱི“དེབ་གཅིག”ཅེས་པ་དང་གསར་འགྱུར་བློ་འདྲིའི་ལས་སྟེགས“ལི་མདོག་གསར་འགྱུར”ཞེས་པས་བྱེད་ཐབས་སྣ་མང་གི་ཐོག་ནས་གློག་རྡུལ་པར་མའི་གསུང་རྩོམ་དེབ་གསུམ་འོས་སྦྱོར་ངོ་སྤྲོད་བྱས་ཡོད། གོམ་སྟབས་རྗེས་མར། ཚོགས་པ་དེས་ཤང་ཀང་གི་ཤང་ཏའོ་དང་། ཤིན་ཅེ། ཅིའུ་ལུང་བཅས་ས་ཁུལ་ཁག་ཏུ་ས་ཁུལ་གྱི་གྲོས་ཚོགས་དང་། གྲོང་མིའི་ཁུལ་ཆེ་གྲས། ཆེད་ཚན་སློབ་གླིང་དང་སློབ་གྲྭ་སོགས་དང་མཉམ་ལས་བྱས་ཏེ་འབྱོར་འབྲིང་ཁྱིམ་ཚང་ལ་ཕྱོགས་པའི“སྡེ་ཁུལ་གྱི་དཔེ་དེབ་ཉིན་མོ”དང་གཞོན་ནུ་ལོ་ཆུང་སློབ་མར་ཕྱོགས་པའི“དཔེ་དེབ་ཁང་དུ་སྐྱོད”ཅེས་པ་སོགས་སྤྱི་ཕན་ལྟ་ཀློག་བྱེད་སྒོ་སྤེལ་ནས་རྒྱ་ཡིག་གི་ཟོར་ལྕིའི་ཡི་གེའི་དཔར་མ་གསུང་རྩོམ་དེབ་གསུམ་གཙོ་གནད་ཐོག་འོས་སྦྱོར་བྱ་རྒྱུ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)