《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月08日

ལྷོ་ཨ་ཧྥེ་རི་ཁས་ཀྲུང་གོ་ཁོའོ་ཤིན་གྱིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་འཕྲལ་མར་སྤྱོད་པའི་ཆོག་མཆན་སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། ལྷོ་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་ཐོན་རྫས་ལྟ་འདོམས་ཅུས་ཀྱིས་གསལ་བསྒྲགས་སྤེལ་ཏེ་ཀྲུང་གོ་ཁོའོ་ཤིན་ཀུང་སིས་ཐོན་སྐྱེད་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་འཕྲལ་མར་སྤྱོད་པའི་ཆོག་མཆན་སྤྲད་པའི་ཁྱབ་བསྒྲགས་བྱས་པ་རེད།

ལྟ་འདོམས་ཅུས་ཀྱིས་ཆོག་མཆན་སྤྲོད་དོན་ནི་ལྷོ་ཨ་ཧྥེ་རི་ཁའི་རིམས་འགོག་སྨན་ཁབ་ནང་འདྲེན་ཚོང་པ་གཱ་ལན་ཐོ་སྨན་རྫས་བཟོ་གྲྭས་འདི་ལོའི་ཟླ་3ཚེས་22ཉིན་ནས་ཟླ་6ཚེས་22ཉིན་བར་སྤྲད་པའི་ཁོའོ་ཤིན་གྱི་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་། སྤུས་ཚད་དང་། གོ་ཆོད་པའི་རང་བཞིན་བཅས་དང་འབྲེལ་བའི་གྲངས་གཞི་གཞིར་བཟུང་བ་དང་ཆབས་ཅིག འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་འཕྲལ་མར་སྤྱོད་པའི་གསལ་ཐོའང་དཔྱད་གཞིར་བཟུང་བ་ཡིན་ཞེས་བཤད།

ལྟ་འདོམས་ཅུས་ཀྱིས་རིམས་འགོག་སྨན་ཁབ་འདི་ནི་ལྷོ་ཨ་ཧྥེ་རི་ཁའི་ལོ་18ནས་59བར་གྱི་དར་མར་སྤྱོད་པ་དང་ཁབ་དང་པོ་དང་གཉིས་པའི་བར་ཉིན་14ནས་28བར་འཇོག་དགོས་ཞེས་བཤད།