《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年07月08日

ཨ་ཧྥེ་རི་ཁའི་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་མཁས་དབང་གིས།

ཀྲུང་གུང་གི་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་ལས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་པའི་ངོས་འཛིན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་གིས་དྲ་ཐོག་གི་སྤེལ་རེས་བྱེད་སྒོར་ཞུགས་པའམ་ཡང་ན་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན། ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་ནས་རྒྱུན་ཆད་མེད་པར་རྒྱལ་ཁ་བླངས་པ་དང་། དེའི་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྤྱི་ཚོགས་བརྟན་ལྷིང་དང་། དབུལ་པོ་ཉུང་གཏོང་། དཔལ་འབྱོར་འཕེལ་རྒྱས། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་སོགས་ཀྱི་ཐད་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་སྲིད་སྐྱོང་བའི་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།

ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཅེ་ཤིས·ཏུར་ཏིས། ཉིན་ཤས་གོང་ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་གཉེར་བའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་དྲ་ཐོག་སྣེ་ལེན་ཚོགས་འདུར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། དབུལ་པོ་ཉུང་གཏོང་དང་དཔལ་འབྱོར་འཕར་བ་ཡིན་ནའང་འདྲ། ཡང་ན་སྤྱི་ཚོགས་འཕེལ་རྒྱས་ཐད་ཚང་མས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་བསྟན་ཡོད། གནས་ཚུལ་གསར་པ་དང་འཚམ་པ་དང་དུས་བབ་གསར་པར་ཁ་གཏད་གཅོག་ཆེད། ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་སྲིད་སྐྱོང་བའི་ཐད་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།

ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གཞོན་པ་ཟུར་པ་ཁ་ལའེ་མཱ·མོ་ཐེ་ལན་ཏིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོར་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད། “ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་དུས་བསྟུན་འཕེལ་རྒྱས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བས་ང་ཚོས་དེའི་ཁྲོད་ནས་ཉམས་མྱོང་མང་པོ་སློབ་སྦྱོང་བྱེད་ཐུབ”ཅེས་བརྗོད།

ཐན་ཙན་ནི་ཡའི་སྲིད་འཛིན་ཏང་གསར་བརྗེ་ཏང་སང་ཀེ་པར་གྱི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཨ་པུའུ་ཏུའུ་ལ·ས་ཏ་ལ་ཡིས། ཀྲུང་གོ་གུང་ཁྲན་ཏང་གི་ལས་བྱེད་པ་གཞི་རིམ་དུ་གཞི་ཚུགས་པ་དང་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་པ་དང་ཆབས་ཅིག་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གཞི་རིམ་དུ་བརྒྱུད་སྤྲོད་ཞིབ་ཕྲ་བྱས་ནས་ཏང་ཡོན་གྱིས་དེ་བས་ལེགས་པའི་སྒོ་ནས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་ཡོད། “ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ཀྱི་སྲིད་ཏང་དང་། མི་དམངས་ལ་ཞབས་འདེགས་ཞུ་མཁན་སྲིད་ཏང་ཞིག་རེད། སྲིད་ཏང་ཞིག་གིས་མི་དམངས་དང་ཉེ་བཅར་བྱེད་སྐབས་མི་དམངས་ཚོས་སྲིད་ཏང་དེ་དང་ལེན་ཧུར་ཐག་བྱེད་འདོད་ཡོད”ཅེས་བརྗོད།

ཙན་པི་ཡའི་ཙུང་ཐུང་ལུན་ཀུའུ་ཡིས། ཀྲུང་གོར་ཐོབ་པའི་གྲུབ་འབྲས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོ་མི་དམངས་ཀྱི་ལས་ལ་བརྩོན་པ་ལས་བྱུང་བ་ཞིག་ཡིན་པས་དེ་དག་ཚང་མ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སློབ་སྦྱོང་བྱེད་རིན་ཡོད་ཅེས་བརྗོད།

(ཤིན་ཧྭ་གསར་འགྱུར་ཁང་ནེ་རོ་པི་ནས་ཟླ་7ཚེས་6ཉིན་འབྱོར་བའི་གློག་འཕྲིན)