《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月20日

《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

★ ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དང་པོར། མའོ་ཙེ་ཏུང་གིས“མིའི་རིགས་ཀྱི་མི་གྲངས་བསྡོམས་འབོར་གྱི་བཞི་ཆ་གཅིག་ཟིན་པའི་ཀྲུང་གོ་མི་དམངས་ད་ནས་བཟུང་ཡར་ལངས་པ་རེད”ཅེས་སྤོབས་སེམས་ཆེན་པོས་གསུངས་པ་རེད།

★ 1950ལོའི་ཟླ་དྲུག་པར། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་སྒྱུར་བཀོད་བཅའ་ཁྲིམས》བཏོན་ནས་གསར་དུ་བཅིངས་འགྲོལ་བཏང་ཁུལ་གྱི་གྲོང་གསེབ་ཏུ་ས་ཞིང་སྒྱུར་བཀོད་ཀྱི་ལས་འགུལ་སྤེལ་བ་རེད།

★ 1950ལོ་ནས་1953ལོའི་བར་གྱི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་རྒྱལ་ཁ་རླབས་ཆེན་ཐོབ་ནས་ཀྲུང་གོ་གསར་པའི་རྒྱལ་སྤྱིའི་དབང་གྲགས་ཆེས་ཆེར་ཆེ་རུ་ཕྱིན་པ་རེད།

★ 1951ལོའི་ཟླ་ལྔ་པར། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ས་གནས་སྲིད་གཞུང་དང《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་ཆོད》བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་རེད།

ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ནི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་རེད།

★ 1951ལོ་དང་1952ལོར། རང་རྒྱལ་གྱིས་ཏང་སྲིད་ལས་ཁུངས་ཀྱི་ལས་དོན་མི་སྣའི་ཁྲོད་དུ་རྒྱུ་ནོར་ལྐོག་ཟ་དང་། འཕྲོ་བརླག་གཏོང་བ། དཔོན་ཉམས་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཏེ“ངོ་རྒོལ་གསུམ”གྱི་ལས་འགུལ་སྤེལ་བ་རེད།

★ 1952ལོའི་ཟླ་8ཚེས་8ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ལག་བསྟར་རྩ་གནད》ལ་ཆོག་མཆན་གནང་བ་ལས། རང་རྒྱལ་གྱིས་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་ཡོད།

★ 1953ལོ་ནས་བཟུང་། རང་རྒྱལ་གྱིས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལོ་ལྔ་ཚན་དང་པོའི་འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པ་ལས། གཞི་ཁྱོན་ཆེ་ཞིང་འཆར་གཞི་ཡོད་པའི་སྤྱི་ཚོགས་རིང་ལུགས་སྐྲུན་འགོ་ཚུགས་པ་མཚོན་ཡོད།

★ 1954ལོའི་ཟླ་དགུ་པར། རྒྱལ་ཡོངས་མི་དམངས་འཐུས་ཚོཌ་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོར་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ནང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུཌ་ལ་གཏན་འཁེལ་བྱས་པ་རེད།

★ “ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་མཁན་སྲོག་ཤིང་གི་སྟོབས་ཤུགས་ནི་ཀྲུང་གོ་གུང་ཁྲན་ཏང་རེད”ཅེས་པའི་ཆོད་གཏམ་འདི་ནི་མའོ་ཙེ་ཏུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོའི་འགོ་འཛུགས་ཤིས་ཚིག》ཐོག་གསུངས་པ་རེད།

(མུ་མཐུད་འགོད་རྒྱུ)