《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月20日

ཁྲུང་ཆིང་ཆི་ཅང་གིས་རིག་ནུས་ཅན་གྱི་ཕྱོགས་སྒྱུར་ལ་བརྟེན་ནས་བཟོ་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་རོགས་བྱེད་པ།

“ཀྲུང་གོའི་ནུབ་རྒྱུད་སོ་འཁོར་གྲོང་ཁྱེར”དུ་འབོད་པའི་ཆི་ཅང་ཆུས་ནི་ཁྲུང་ཆིང་གི་སྲོལ་རྒྱུན་བཟོ་ལས་རྟེན་གཞི་རྙིང་པ་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་ནང་ཆུས་དེས་ཚོང་རྟགས་རྙིང་པའི་ཁེ་ལས་ལ་བརྟེན་ནས་རིག་ནུས་ཅན་གྱི་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག མཐོ་གསར་ལག་རྩལ་ཁེ་ལས་སྐྱེད་སྲིང་ཧུར་ཐག་བྱས་པ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་བརྒྱུད་སྲོལ་རྒྱུན་གྱི་བཟོ་ལས་རྟེན་གཞི་རྙིང་པ་རིག་ནུས་བཟོ་སྐྲུན་གྱི་རྟེན་གཞི་གསར་པར་རིམ་སྤོར་སྒྱུར་བཀོད་བྱུང་ཡོད། མིག་སྔར་ཆི་ཅང་ཆུས་སུ་མཐོ་གསར་ལག་རྩལ་ཁེ་ལས་98དང་། ཚན་རྩལ་རྣམ་པའི་ཁེ་ལས་1320 གྲོང་ཁྱེར་རིམ་པ་ཡན་གྱི་ཞིབ་སྤེལ་སྒྲིག་གཞི་54བཅས་ཡོད་པ་རེད།

འདི་ནི་ཟླ་6ཚེས་17ཉིན་ཁྲུང་ཆིང་ཆི་ཅང་དུ་གནས་པའི་སའེ་ཡོན་བཟོ་ལས་ཐོན་སྐྱེད་འཁོར་ཁང་དུ་ལག་རྩལ་པས་ཐོན་སྐྱེད་སྒྲུབ་རིམ་གྱི་རང་འགུལ་ཅན་གྱི་འཕྲུལ་ལག་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པ།