《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月20日

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ ཚོགས་ཆེན་རིམ་བྱུང་ངོ་སྤྲོད།

15 ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ ཐེངས་བཅོ་ལྔ་པའི་ངོ་སྤྲོད་མདོར་བསྡུས།

1997ལོའི་ཟླ་9ཚེས་12ནས་18ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་ལ་དངོས་སུ་འཐུས་མི་2048ཕེབས་པ་དང་དམིགས་བསལ་གདན་ཞུས་འཐུས་མི་60ཕེབས་ནས་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི་5800ཡི་ཚབ་བྱས་ཡོད། ཅང་ཙེ་མིན་གྱིས《ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་བསྒྲེངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་དུས་རབས་ཉེར་གཅིག་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས》ཞེས་པའི་སྙན་སྒྲོན་གནང་བ་རེད། ཚོགས་ཆེན་ཐོག“ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས”ཀྱི་ཐ་སྙད་འདི་ཐོག་མར་སྤྱད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་རྩ་འཛིན་བཏོན་པ། དུས་རབས་ལས་བརྒལ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་འཆར་འགོད་བྱས་པ་རེད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན》ནང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཏང་གི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བྱེད་རྒྱུའི་གཏན་འབེབས་གསལ་པོ་བྱས་ཡོད། ཚོགས་ཆེན་ཐོག《སྐབས་བཅུ་བཞི་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད》དང་། 《<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན>སྐོར་གྱི་གྲོས་ཆོད》《ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་བ་རེད། ཚོགས་ཆེན་ཐོག་ཨུ་ཡོན་193དང་རྗེས་སྣོན་ཨུ་ཡོན་151ལས་གྲུབ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་དང་། ཨུ་ཡོན་115ལས་གྲུབ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་པ་རེད། དེ་རྗེས་འཚོགས་པའི་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་པ་དང་། ཅང་ཙེ་མིན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ། ཅང་ཙེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་བྱས་པ། ཡུས་ཅན་ཞིང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བསྐོ་གཞག་བྱེད་པར་ཆོག་མཆན་སྤྲད་པ་རེད།

(མུ་མཐུད་འགོད་རྒྱུ)