《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年06月18日

གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་5277གྱིས་བོད་ཀྱི་སྨན་བཅོས་མ་ལག་གི“རྨང་གཞི”བརྟན་དུ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་གྲོང་གསེབ་ཀྱི་སྨན་བཅོས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། མིག་སྔར། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་དང་འཕྲོད་བསྟེན་མི་སྣ་ཆ་སྙོམས་7ལས་བརྒལ་ཡོད། གྲོང་ཚོ་5277ལ་འཕྲོད་བསྟེན་ཁང་ཡོད་པ་དང་འཕྲོད་བསྟེན་མི་སྣ་ཆ་སྙོམས་2ལས་བརྒལ་ནས“ནད་གཞི་ཆུང་གྲས”མང་ཆེ་བ་ཤང་དང་གྲོང་རྡལ་ནས་སྨན་བཅོས་ཐུབ་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།

དྲ་སྦྲེལ་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། བོད་ཀྱི་མི་སེར་དེ་བས་མང་བས་རང་ཁྱིམ་གྱི་སྒོ་རྩ་ནས་རྒྱལ་ནང་རྩེར་སོན་རིགས་གཅིག་མཁས་ཅན་གྱི་དྲ་ཐོག་སྨན་བཅོས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་དཀྱིལ་ངོས་གྲོང་ཚོའི་གྲོང་མི་མོ་འཛོམས་ན་ནིང་གཟུགས་པོ་བདེ་པོ་མེད་པའི་རྐྱེན་གྱིས་ཤང་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད། སྨན་ཁང་གིས་རྒྱང་ཁྲིད་ནད་བརྟག་སྨན་བཅོས་བརྒྱུད། ཧྲེན་ཀྲེན་གྲོང་ཁྱེར་པའོ་ཨན་ཆུས་མི་དམངས་སྨན་ཁང་དང་འབྲེལ་མཐུད་བྱས་ཏེ་རིགས་གཅིག་མཁས་ཅན་གྱིས་ནད་བརྟག་སྨན་བཅོས་དང་བརྟག་དཔྱད་བྱས་རྗེས་སྨན་རྫས་ལ་བརྟེན་ནས་སྨན་བཅོས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

མིག་སྔར། བོད་ཀྱི་ལྗོངས་ཡོངས་སུ་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔར་ཁྱབ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་དྲ་རྒྱ་བཙུགས་པས། གཞི་རྩའི་སྨན་བཅོས་དང་། ནད་ཡམས་སྔོན་འགོག་ཚོད་འཛིན། མ་བུ་བདེ་སྲུང་། མྱུར་སྐྱོབ། སྐོར་སྐྱོད་སྨན་བཅོས་བཅས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པ་རེད།